༢༠༠༡།༠༨།༢༤ རེས་གཟའ་པ་སངས།

Title

༢༠༠༡།༠༨།༢༤ རེས་གཟའ་པ་སངས།

Description

  • བཀྲིས་ལྷུན་པོ་དགོན་པའི་བྱ་བྲལ་རིན་པོ་ཆེ་མཆོག་རྒྱ་མིའི་བཙོན་འཇུག་ལོ་དུས་ཚང་ནའང་ད་དུང་གློད་བཀྲོལ་གཏང་མེད་པ་རེད།
  • བོད་ནང་བོད་མི་ཚོས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོའི་སྐུ་དཔར་རག་རྒྱུར་འདོད་མོས་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
  • ཨ་རིའི་གཞུང་གིས་རྒྱ་ནག་གིས་དཀར་མཛེས་གསེར་ཐར་ནང་བསྟན་སློབ་གླིང་དུ་དྲག་གནོན་བྱས་པར་ངོ་རྒོལ་གནང་འདུག
  • རྒྱ་གར་ནས་བལ་ཡུལ་བརྒྱུད་བོད་ལ་ལོག་མཁན་བོད་མི་ཕོ་མོ་བརྒྱད་འཛིན་བཟུང་བྱས་ཡོད་པ་རེད།
  • རྒྱ་ནག་ལ་སྦས་གསང་མེད་པར་ངོ་རྒོལ་གནང་མཁན་ཨ་རིའི་གྲོས་ཚོགས་གོང་མའི་མཐུས་མི་སྙན་གྲགས་ཅན་ཞིག་རྗེས་མའི་འོས་བསྡུར་བཞེངས་རྒྱུ་མིན་གསུངས་ཡོད།
  • བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད་ཁོངས་སུ་དངོས་གྲུབ་རྡོ་རྗེས་ལྷོ་སྤྱིའི་སྐོར་ངོ་སྤྲོད་སྔོན་མའི་འཕྲོས་བཅས།

Identifier

754 A

Contributor

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག,བྱ་བྲལ་རིན་པོ་ཆེ་མཆོག,དངོས་གྲུབ་རྡོ་རྗེས།,

Date

24-08-01