༢༠༠༨།༠༦།༠༣ རེས་གཟའ་མིག་དམར།

Title

༢༠༠༨།༠༦།༠༣ རེས་གཟའ་མིག་དམར།

Description

  • ཕྱི་ཟླ་ལྔ་པའི་ནང་ལྷ་སར་བོད་རང་བཙན་གྱི་སྐད་འབོད་དང་དཀར་མཛེས་སེར་རྟ་དང་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་གཉིས་འཇུ་བཟུང་བྱས་འདུག
  • བོད་པའི་མཐོ་རིམ་སློབ་མའི་རྒྱ་གར་རྒྱལ་ཡོངས་ཀྱི་ལས་འགུལ་དེ་མཇུག་སྒྲིལ་གནང་འདུག
  • Bernནས་Genevaབར་གྱི་གོམ་བགྲོད་པ་རྣམ་པས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་ཞུ་སྙན་ཞིག་ཕུལ་འདུག
  • New Jerseyཨེ་ཤི་ཡའི་རུ་སྒྲིགས་ཐོག་མའི་ནང་བོད་མི་ཚོས་རྒྱལ་ཁབ་ཀྱི་རིག་གཞུང་དང་ངོ་བོ་ཁྱབ་སྤེལ་གནང་འདུག
  • བལ་ཡུལ་དུ་བོད་མི་དྭང་བླངས་བ་ཁག་ཅིག་གིས་སྐུ་ཕྱག་ཕུལ་ཏེ་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་འདུག
  • འཚེ་མེད་ཞི་བ་ལ་དགའ་མོས་གནང་མཁན་རྒྱ་གར་གྱི་མི་སྣ་གཉིས་ནས་བོད་བར་གྱི་གོམ་བགྲོད་ལ་རྒྱབ་སྐྱོར་གྱི་གསར་འགོད་གསལ་བསྒྲགས་གནང་འདུག
  • ༸ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས་གཞོན་སྐྱེས་ཀྱི་ཆོས་འབྲེལ་མཇུག་སྒྲིལ་དང་བསྟུན་བླང་དོར་བཀའ་སློབ་གནང་འདུག
  • ཨ་རིའི་མཁས་ལས་པ་ཁག་གཅིག་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཕྲོད་གློ་ནད་ནད་གཞི་བཅོལ་ཐབས་དང་སྔོན་འགོག་ཆེད་ལས་གཞི་རྒྱ་ཆེ་སྤེལ་བཞིན་འདུག

Contributor

༸ས་སྐྱ་གོང་མ་རིན་པོ་ཆེ་མཆོག་,སྤྱི་འཐུས་ཨཅྱ་ར་ཡེ་ཤེས་ཕུན་ཚོགས་ལགས།,སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས།,ཚོགས་གཙོ་སྤང་རི་ཀརྨ་བློ་གྲོས་ལགས།,བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཀུན་མཁྱེན་ལགས།

Date

03-06-08