Title
༢༠༠༡།༡༢།༡༡ རེས་གཟའ་མིག་དམར།
Description
- སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཡོ་རོབ་རྒྱལ་ཁབ་གསུམ་ལ་མཛད་འཆར་ལེགས་སྒྲུབ་ཀྱི་དེ་རིང་སྔ་དྲོར་བཞུགས་སྒར་རྡ་རམ་སར་ཞབས་སོར་བདེ་བར་འཁོད་གནང་སོང་།
- ཁ་སང་བོད་མིའི་གནས་ཡུལ་ཁག་ཏུ་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་ཆོག་ལ་ནོར་ཝེའི་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་དུས་དྲན་སྲུང་བརྩི་ཟབ་རྒྱས་ཞུས་སོང་།
- ཨ་མདོ་ཁུལ་རྒྱ་མིས་ཧ་ཡང་གི་བཟོ་གྲྭ་བརྒྱབ་རྒྱུ་དེའི་དངུལ་གྱི་མ་རྩ་ཨ་རིའི་ཁྲོམ་རྭ་ནས་བསྡུ་རྒྱུར་བཙན་བྱོལ་བོད་གཞུང་དང་ཨ་རིའི་སློབ་ཕྲུག་ཚོས་ངོ་རྒོལ་བྱས་ཡོད།
- རྒྱ་ནག་གིས་འཛམ་གླིང་ནང་གསར་འགོད་པ་འཛིན་བཟུང་བྱེད་མཁན་སྡུག་ཤོས་ཤིག་ཆགས་པའི་སྐོར།
- བོད་ཀྱི་གནའ་རབས་དང་དེང་དུས་ཀྱི་འཆར་ཅན་གྱི་གླུ་གཞས་ཀྱི་ལས་རིམ་ནང་དུ་ཨ་རི་བཅའ་བཞུགས་སྐལ་བཟང་ལགས་ཀྱི་གཞས་སྤང་རྒྱན་མེ་ཏོག་ཞེས་པ་བཅས།
Identifier
808 'B'
Contributor
སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག,གཞས་པ་སྐལ་བཟང་ལགས།
Date
11-12-01