༢༠༠༤།༠༡།༠༢ རེས་གཟའ་པ་སངས།

Title

༢༠༠༤།༠༡།༠༢ རེས་གཟའ་པ་སངས།

Description

  • སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེ་རིང་བཞུགས་སྒར་ནང་ཆིབས་ཐོན་གྱིས་སང་ཉིན་ལྡི་ལིའི་ཁུལ་དུ་ཆོས་འབྲེལ་བསྐྱང་གནང་གི་ཡོད་པ་རེད།
  • རྒྱ་མིས་ཁ་ཆེ་ཚོས་ལྷ་ས་ཁུལ་གྱི་བོད་པའི་གཞོན་ནུ་དང་བུད་མེད་མང་པོ་ཞིག་མགོ་སྐོར་བཙན་འཁྲིད་གྱིས་རྒྱ་ཡུལ་དུ་ཚོང་གཉེར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་ཡོད།
  • བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་འགོ་འཁྲིད་ཟབ་སྦྱོང་ཞིག་དེ་རིང་སྦེལ་ཀོབ་ཁུལ་དུ་དབུ་འཛུགས་གནང་ཡོད།
  • རྒྱ་ནག་གཞུང་གི་འབྲུག་ཡུལ་ནས་ཕྱིར་འབུད་བྱས་པའི་གྱེན་ལོག་ཤོག་ཁག་བོད་ནང་འཛུལ་ཞུགས་བྱེད་བཅུག་གི་མེད་སྐོར་རྒྱ་གར་གཞུང་ལ་འགྲེལ་བརྗོད་བྱས་འདུག
  • ༸རྒྱལ་དབང་ཀརྨ་པ་མཆོག་གིས་དབུ་བཞུགས་ཐོག་རྡོ་རྗེ་གདན་ཁུལ་དུ་བཀའ་བརྒྱུད་སྨོན་ལམ་ཚོགས་བཞིན་པ་རེད་འདུག
  • ལུམ་བྷི་ནི་ཁུལ་དུ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གི་དགོན་པ་དབུ་འབྱེད་དང་སྨོན་ལམ་ཚོགས་གནང་གི་འདུག
  • བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད་ནང་དྲུང་ཆེ་པདྨ་དགྲ་འདུལ་ལགས་ཀྱིས་མ་སུ་རི་བོད་ཁྱིམ་ངོ་སྤྲོད་སྐོར།

Contributor

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག,༧ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག,༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག,དྲུང་ཆེ་པདྨ་དགྲ་འདུལ་ལགས།,

Date

02-01-04