༢༠༠༤།༠༤།༢༠ རེས་གཟའ་མིག་དམར།

Title

༢༠༠༤།༠༤།༢༠ རེས་གཟའ་མིག་དམར།

Description

  • སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་BritishColimbiaམཐོ་རིམ་སློབ་གྲྭ་ནས་ཆེ་མཐོའི་མཚན་གནས་ཀྱི་ཕྱག་ཁྱེར་ཕུལ་འདུག
  • བལ་བོད་ས་མཚམས་ནས་སླར་ཡང་བོད་མི་ཞིག་རྒྱ་ནག་ལ་རྩིས་སྤྲོད་བྱས་ཡོད།
  • ཟས་བཅད་ལས་འགུལ་བ་ཚོའི་སྙིང་སྟོབས་ལ་བྱིས་པ་ཁག་གཅིག་ནས་ཡིད་རང་བསྔགས་བརྗོད་ཞུས་འདུག
  • བཀའ་བློན་ཁྲི་པ་མཆོག་ནས་ཁེ་ན་ཌའི་གྲོས་ཚོགས་ཀྱི་ཚོགས་མི་མཇལ་འཕྲད་གནང་རྒྱུ་རེད་འདུག
  • ཁ་ན་ཌའི་སྲིད་བློན་གྱིས་ཐག་གཅོད་ལ་ཨ་རིའི་གློག་བརྙན་ཁྲབ་སྟོན་པ་ཞིག་གིས་བསྔགས་བརྗོད་ཞུས་འདུག
  • རྐང་འཁོར་སྐོར་བསྐྱོད་གནང་སྟེ་བོད་དོན་རོགས་དངུལ་བསོགས་སྒྲུབ་གནང་གི་འདུག
  • བོད་ཀྱི་གནའ་རབས་དང་དེང་དུས་ཀྱི་གླུ་གཞས་ལས་རིམ་ནང་དུ་བོད་ཀྱི་ཟློག་གར་ཚོགས་པ་ནས་གཞས་དྲིན་ཆེན་ཕ་མ་ཞེས་པ་བཅས་རྒྱང་བསྲིང་ཞུ་རྒྱུ་ཡིན།

Contributor

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག,བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག,ཚེ་ལྷ་སྒྲོལ་དཀར།,

Date

20-04-04