༢༠༠༤།༠༤།༢༢ རེས་གཟའ་ཕུར་བུ།

Title

༢༠༠༤།༠༤།༢༢ རེས་གཟའ་ཕུར་བུ།

Description

  • ཁ་ན་ཌའི་སྲིད་བློན་གྱིས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་རྒྱུ་མེད་པའི་རྒྱ་ནག་གི་གནོན་ཤུགས་དེ་ནི་ཐབས་བྱུས་ངན་པ་ཞིག་རེད་ཅེས་གྲོས་ཚོགས་འཐུས་མི་ཞིག་གིས་བསྐྱོན་བརྗོད་བྱས་ཡོད་པ་རེད།
  • རྒྱ་གར་ནས་བོད་དུ་ཕྱིར་ལོག་བྱེད་མཁན་བོད་པའི་བཙུན་མ་བཞི་རྒྱ་ནག་གིས་འཛིན་བཟུང་བྱས་འདུག
  • ནིའུ་ཡོག་གི་ཟས་བཅད་ལས་འགུལ་ལ་རྒྱ་བལ་གཉིས་ནང་རྒྱབ་སྐྱོར་གྱི་ལས་འགུལ་གནང་གི་འདུག
  • འཛམ་གླིང་ཞི་བདེའི་ཆེད་རྐང་འཁོར་སྐོར་བསྐྱོད་གནང་གིན་འདུག
  • སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་བསྒྱུར་དང་བསྟུན་ཌོ་རན་ཌོ་བོད་ལ་བརྩེ་གདུང་ཞེས་པའི་མཚན་ཚོགས་ཞིག་གོ་སྒྲིག་གནང་གི་ཡོད།
  • བོད་པའི་དགེ་འདུན་པ་ཁག་གཅིག་གིས་ཨ་རིའི་ནང་གར་འཆམ་སོགས་གཟིགས་འབུལ་གནང་གི་འདུག
  • འཕྲོད་བསྟེན་སྐོར་གྱོ་ཤེས་བྱ་ངོ་སྤྲོད་ཁོངས་སུ་སྨན་རམས་པ་ཟླ་སྒྲོན་ལགས་ཀྱིས་དུག་ནད་སྐོར་ངོ་སྤྲོད་བཅས།

Contributor

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག,ཁ་ན་ཌའི་སྲིད་བློནPaul Martin,སྨན་རམས་པ་ཟླ་སྒྲོན་ལགས།,

Date

22-04-04