༢༠༠༤།༠༤།༢༧ རེས་གཟའ་མིག་དམར།

Title

༢༠༠༤།༠༤།༢༧ རེས་གཟའ་མིག་དམར།

Description

  • སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨུ་རུ་སུའི་ཆིབས་བསྒྱུར་ལ་Moscowགཞུང་དགོངས་བཞེས་གནང་སྲིད་པ་རེད་འདུག
  • ཟས་བཅད་ལས་འགུལ་བ་གསུམ་པོ་ནིའུ་ཡོག་སྐོར་སྲུང་བས་སྨན་བཅོས་ཆེད་ཁྲིད་རྩིས་བྱས་འདུག
  • ཁྲིམས་མཐུན་ཡིག་ཆ་མེད་པའི་རྐྱེན་གྱི་རྐང་འཁོར་སྐོར་བསྐྱོད་པ་ཁག་གཅིག་ཕྱིར་སློག་བྱས་པའི་གནས་ཚུལ་བྱུང་ཡོད།
  • བོད་སྐོར་གྱི་གློག་བརྙན་ཞིག་བསྟན་རྒྱུར་སྲུང་བྱས་གྲ་སྒྲིག་ཧ་ཅང་དམ་པོ་གནང་གི་འདུག
  • Vijaywadaས་གནས་གཞོན་ནུས་བཞུགས་སྒར་དུ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་སོང་།
  • ཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པས་ཚེ་སྲོག་གལ་ཆེར་རྩིས་ཏེ་ཟས་བཅད་ལས་འགུལ་མཚམས་འཇོག་ཡོང་བའི་གྲོས་ཆོད་བཞག་འདུག
  • བོད་ཀྱི་གནའ་རབས་དང་དེང་དུས་ཀྱི་གླུ་གཞས་ལས་རིམ་ནང་གཞས་པ་ཚེ་རིང་འགྱུར་མེད་ལགས་ཀྱིས་བཏང་བའི་སྒྲོལ་མ་ལྷ་ཁང་ཞེས་པ་བཅས་རྒྱང་བསྲིང་ཞུ་རྒྱུ་ཡིན།

Contributor

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག,

Date

27-04-04