༢༠༠༤།༠༥།༢༥    རེས་གཟའ་མིག་དམར།

Title

༢༠༠༤།༠༥།༢༥    རེས་གཟའ་མིག་དམར།

Description

  • བོད་གཞུང་བཀའ་ཤག་ནས་རྒྱ་གར་གྱི་སྲིད་བློན་གསར་པ་Manmohan Singhལ་བཀྲིས་བདེ་ལེགས་ཀྱི་འཚམས་འཕྲིན་ཕུལ་ཡོད་པ་རེད།
  • གྲོས་མཐུན་དོན་ཚན་༡༧བཞག་པའི་ཉི་མོར་རྒྱལ་ཚོགས་ཀྱི་རྒྱ་ནག་སྐུ་ཚབ་ལས་ཁུངས་སུ་ངོ་རྒོལ་བྱས་འདུག
  • ཨ་མི་རི་ཀའི་མི་ཞིག་གིས་བོད་པའིུ་ཕྲུ་གུ་ལོང་བ་ཁག་ཅིག་མཉམ་དུ་ཇོ་མོ་གླང་མར་འཛེགས་རྒྱུ་ཡིན་པ་རེད།
  • རྒྱ་གར་གྱི་ཨོ་རི་སའི་ས་ཁུལ་ཞིག་ཏུ་སངས་རྒྱས་འཁྲུངས་ཡོད་ཚུལ་བརྗོད་འདུག
  • བལ་ཡུལ་དང་རྒྱ་ནག་དབར་བོད་ཀྱི་ས་མཚམས་དམ་དྲག་བྱེད་རྒྱུའི་སྐོར་གྲོས་མོལ་འགོ་འཛུགས་བྱས་ཡོད།
  • རྒྱ་ནག་གཞུང་གིས་ཆབ་སྲིད་དྭོགས་གཞིའི་འོག་གློག་ཀླད་ཀྱི་དྲྭ་རྒྱའི་རྩེད་རིགས་ལ་དམ་དྲག་བྱེད་རྒྱུ་རེད་འདུག
  • མན་སྤར་ཕན་བདེ་གླིང་གཞིས་ཆགས་སུ་མང་གཙོའི་སྐོར་ཟབ་སྦྱོང་གོ་སྒྲིག་གནང་འདུག
  • བོད་གཞུང་བཀའ་བློན་ཁྲི་པ་མཆོག་ནས་རྒྱ་རིགས་མཁས་དབང་དང་བོད་པའི་བླ་མ་ཁག་ཅིག་མཇལ་འཕྲད་གནང་ཡོད།
  • བོད་ཀྱི་གནའ་རབས་དང་དེང་དུས་ཀྱི་གླུ་གཞས་ལས་རིམ་ནང་ཟློག་གར་གྱི་གཞས་སྤུན་ཟླ་ཚོ་ཞེས་པ་བཅས།

Contributor

རྒྱ་གར་གྱི་སྲིད་བློན་གསར་པ་Manmohan Singhབཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག,ས་གནས་ཚོགས་གཙོ་བཀྲ་ཤིས་དབང་འདུས།,

Date

25-05-04