༢༠༠༨།༡༢།༠༢ རེས་གཟའ་མིག་དམར།

Title

༢༠༠༨།༡༢།༠༢ རེས་གཟའ་མིག་དམར།

Description

  • ༸གོང་ས་མཆོག་ནས་ཅེག་སྤྱི་འཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་མཆོག་དང་མཇལ་ཕྲད་གནང་རྗེས་ལྷན་རྒྱས་སྦེལ་ཇིམ་ཕྱོགས་སུ་ཆིབས་བསྒྱུར་གནང་བཞག
  • བྱང་ཨ་མི་རི་ཀའི་གཞོན་ནུའི་ཚོགས་འདུའི་སྐབས་བོད་གཞུང་མང་གི་ཞིང་མཆོག་རང་བཙན་ཐོག་སླེབས་ཐབས་གནང་རྒྱུའི་ཐག་གཅོད་བྱུང་བཞག
  • དབྱིན་ཇིའི་གཞུང་ནས་བོད་དོན་ཞིང་མཆོག་ལ་གསལ་བཤད་དང་འདྲ་རྒྱ་གཞུང་ངོས་ནས་བོད་མིའི་བསམ་ཤོག་ལ་བློ་རྒྱ་ཡངས་པའི་ཐོག་ནས་ཐུགས་ཞིབ་དགོས་པའི་རེ་སྐུལ་ཞུས་འདུག
  • དཔེ་སྟོན་སློབ་གྲྭའི་རིག་རྩལ་གྱི་འགྲེམས་སྟོན་བཅས་རྒྱང་བསྲིངས་ཞུ་རྒྱུ་ཡིན།
  • བོད་ཀྱི་གནའ་རབས་དང་དེང་དུས་ཀྱི་གླུ་གཞས་ལས་རིམ་ནང་བལ་ཡུལ་གནས་བཞུགས་གཞས་པ་ཕན་པོ་བསྟན་དར་ལགས་ཀྱི་སྐད་འཁོར་བཙན་པོ་དྲན་གཞས་ནས་ཨོམ་མ་ཎི་པདྨ་ཧཱུམ་ཞེས་པ་ཞིག་གསན་རོགས་གནང་།

Contributor

སུད་སི་སྐུ་ཚབ་དོན་གཅོད་ཆོས་སྐྱབས་པ་ཚེ་བརྟན་བསམ་གྲུབ་ལགས།,ཚོགས་གཙོ་ཚེ་རིང་དཔལ་ལྡན་ལགས།,ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིག་ལགས།,གཞས་པ་ཕན་པོ་བསྟན་དར་ལགས།,

Date

02-12-08