༢༠༠༨།༡༢།༣༠ རེས་གཟའ་མིག་དམར།

Title

༢༠༠༨།༡༢།༣༠ རེས་གཟའ་མིག་དམར།

Description

  • དཀར་མཛེས་ཁུལ་དུ་ཁ་ས་བུད་མེད་ན་གཞོན་ཞིག་གིས་བོད་རང་བཙན་གྱི་ཞི་རྒོལ་སྐད་འབོད་བྱས་པ་སོགས་བོད་ནང་གི་གནས་ཚུལ།
  • རྒྱ་གཞུང་གི་ཕྱི་ལོ་༢༠༠༩ལོ་ནས་བཟུང་རྒྱ་ནག་ཁ་བྲལ་ལ་ངོ་རྒོལ་གྱི་སློབ་གསོའི་ལས་འགུལ་ཞིག་སྤེལ་རྒྱུ་རེད་འདུག
  • རྒྱ་ནག་གཞུང་ནས་བོད་མིའི་ཤེས་ཡོན་ཕྲད་དངུལ་འབོར་ཕོན་ཆེ་བཏང་ཡོད་རུང་བོད་ནང་གི་སློབ་མ་ཚོར་མི་རིགས་ཀྱི་ཤེས་ཡོན་ཚད་ལྡན་ཞིག་སྤྲོད་ཐུབ་མེད་སྐོར་གསུང་སོང་།
  • རྒྱལ་སྤྱིའི་ལྟ་རྟོགས་འོག་ཡོད་པའི་བལ་ཡུལ་གྱི་བོད་མི་ལས་འགུལ་བ་༧༠ལྷག་ཙམ་ལ་དྲིས་ཞིབ་གནང་བཞིན་འདུག
  • རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ལས་ཁང་གི་གསར་འགོད་ཚན་པས་རྒྱ་ནག་གི་ས་གནས་དཔོན་རིགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱེད་རྒྱུར་བཀག་བསྡོམས་མུ་མཐུད་བྱེད་བཞིན་ཡོད་པའི་ཁས་ལེན་གནང་བཞག
  • བོད་ཀྱི་གནའ་རབས་དང་དེང་དུས་ཀྱི་གླུ་གཞས་ལས་རིམ་འདི་ནང་གཞས་པ་གྲགས་ཅན་ཚེ་རིང་འགྱུར་མེད་ལགས་ནས་བཏང་གནང་བ་གཞས་འཕྱོངས་རྒྱས་ཟླ་བ་སྒྲོལ་མ་ཞེས་ཞིག་གསན་རོགས་གནང་།

Contributor

བུ་མོ་བསྟན་མཆོག་ལགས།,འཇམ་དཔལ་སྨོན་ལམ་ལགས།,ལས་འགུལ་བ་ཚེ་བརྟན་ནོར་བུ་ལགས།,གཞས་པ་ཚེ་རིང་འགྱུར་མེད་ལགས།

Date

30-12-08