༢༠༠༤།༡༠།༢༡ རེས་གཟའ་ཕུར་བུ།

Title

༢༠༠༤།༡༠།༢༡ རེས་གཟའ་ཕུར་བུ།

Description

  • འབྲུག་པའི་རྒྱལ་སྲས་ཀྱི་ཁྲི་འདོན་མཛད་སྒོར་བོད་གཞུང་གི་སྐུ་ཚབ་ཕེབས་ཡོད་པ་རེད།
  • འཇར་མན་ལྗང་ཁུ་ཚོགས་པའི་བོད་དོན་གྲོས་ཆོས་གཏན་འབེབས་གནང་འདུག
  • ཀེ་ནེ་ཌའི་གྲོས་ཚོགས་ནང་བོད་དོན་ཐོག་གླེང་སློང་གནང་ཡོད་འདུག
  • ཨ་རིའི་གཞུང་གི་སྐུ་ཚབ་ཚོ་ཁག་ཅིག་བལ་ཡུལ་བོད་གཞུང་སྣེ་ལེན་ཁང་དུ་ཕེབས་འདུག
  • བོད་པའི་གློག་བརྙན་ཞིག་ལ་ཨ་རིའི hoolywood བྱ་དགའ་གྲགས་ཅན་ཞིག་ཐོབ་འདུག
  • རཇཱི་སྤུར་ཁ་ཐོར་བོད་མིའི་ཆེད་གཞིས་ཆགས་གསར་བསྐྲུན་ལེགས་པར་གྲུབ་ནས་ནང་སྲིད་ལས་ཁུངས་སུ་རྩིས་འབུལ་ཞུས་ཡོད་འདུག
  • རྒྱལ་ཡོངས་དཔར་ལས་དུས་སྟོན་ནང་བོད་པའི་དཔར་པ་ཞིག་མཉམ་བཞུགས་གནང་རྒྱུ་རེད་འདུག
  • ཝར་ན་མཐོ་སློབ་ཏུ་སང་ཉིན་ནས་ཉིན་གསུམ་རིང་ཟབ་སྦྱོང་ཞིག་གནང་རྒྱུ་ཡིན་པ་རེད།
  • འཕྲོད་བསྟེན་སྐོར་གྱི་ཤེས་བྱ་ངོ་སྤྲོད་ཁོངས་སུ་སྨན་པ་ཚེ་རིང་ལྷ་མོ་ལགས་ཀྱིས་སྐྱེ་སྒོ་འགོག་པའི་ཐབས་ལམ་བཅས།

Contributor

སྨན་པ་ཚེ་རིང་ལྷ་མོ་ལགས།,

Date

21-10-04