༢༠༠༤།༡༢།༠༤ རེས་གཟའ་སྤེན་པ།

Title

༢༠༠༤།༡༢།༠༤ རེས་གཟའ་སྤེན་པ།

Description

  • POLANDདང་CANADAགཞུང་ལ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་གློད་བཀྲོལ་ཡོང་བའི་ཐབས་ཤེས་གང་ཡོང་གནང་རྒྱུའི་འབོད་སྐུལ་ཞུས་འདུག
  • ཡོ་རོབ་མཐུན་ཚོགས་ནས་བདུན་ཕྲག་རྗེས་མའི་ལྷན་ཚོགས་སྐབས་རྒྱ་ནག་ཐོག་ལངས་ཕྱོགས་འཁྲེགས་པོ་ཟིན་དགོས་ཀྱི་རེད་གསུང་འདུག
  • རྒྱ་གར་གྲོས་ཚོགས་ནས་རྒྱ་ནག་གི་གཞུང་ཚབ་ཀྱི་བྱ་སྤྱོད་ལ་སྐྱོན་བརྗོད་གནང་ཡོད་པ་རེད།
  • འཛམ་གླིང་གི་ཡ་མཚན་ཁྱད་ནོར་༧གསར་འདེམས་ཁོངས་ཕོ་བྲང་པོ་ཏཱ་ལ་ཨང་གཉིས་པ་རེད་འདུག
  • ཨ་མི་རི་ཀའི་ནང་སྤེལ་བཞིན་པའི་གོམ་བགྲོད་ཀྱི་ལས་འགུལ་བ་ཞིག་ནས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་པོ་ཏཱ་ལར་གདན་འདྲེན་ཐུབ་པའི་ཚོར་བ་དྲག་པོ་བསྟན་ཡོད།
  • བལ་ཡུལ་ནང་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཕྱྭ་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་གློད་བཀྲོལ་དགོས་པའི་ཆོས་འགྲེལ་གནང་ཡོད།
  • ལྡི་ལིའི་བསམ་ཡས་གླིང་གནས་སྡོད་བོད་མི་ཆང་གཙོང་ནས་འཚོ་བ་བརྟེན་མཁན་ཚོས་ཆང་གཙོང་རྒྱུ་འཚམས་འཇོག་བྱས་འདུག
  • སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་བའི་བཤེས་སྤྲིངས་ཀྱི་བཀའ་ཁྲིད་སྔོན་མའི་འཕྲོས།

Contributor

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོགསྤྲུལ་སྐུ་བསྟན་འཛིན་བདེ་ལེགས།

Date

04-12-04