Title
༡༩༩༨།༡༠།༣༡ རེས་གཟའ་སྤེན་པ།
Description
- སྤྱི་ནོར་༸གོང་ས་ཏཱ་ལའི་བླ་མ་མཆོག་ཨ་རིར་ཆིབས་བསྒྱུར་སྐབས་སྲིད་འཛིན་དང་གཞུང་འབྲེལ་མཇལ་འཕྲད་གནང་གི་མི་འདུག
- རྒྱ་གར་རྒྱལ་ཡོངས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ལྔ་པ་ཚོགས་གྲབས་འདུག
- ཡོ་རོབ་སྤྱི་མཐུན་ལྷན་ཚོགས་ཀྱིས་རྒྱ་ནག་ལ་ཆུ་ལོག་གི་དཀའ་ངལ་སེལ་ཆེད་རོགས་རམ་ཤུགས་ཆེན་གནང་རྒྱུ་ཡིན་པ་རེད།
- བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་༸གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་ནག་ཏུ་ཆིབས་བསྒྱུར་གནང་འཆར་ལ་དགའ་བསུ་ཞུས་འདུག
- རྒྱ་ནག་གཞུང་གི་མགྲིན་ཚབ་པ་ཟུར་པ་ཞིག་རང་ཤི་བརྒྱབས་ཡོད།
- སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོས་སྒང་ཏོག་ཏུ་༡༩༩༣ལོར་དུས་འཁོར་དབང་ཆེན་སྩལ་སྐབས་སྔོན་འགྲོའི་གསུང་ཆོས་སུ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་བཀའ་འཁྲིད་གནང་བ།
Identifier
238 'B'
Contributor
སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག,གཞོན་ནུའི་ཚོགས་གཞོན་པ་ཀརྨ་ཡེ་ཤེས་ལགས།,yong ming,
Date
31-10-98