༢༠༠༥།༠༦།༡༠ རེས་གཟའ་པ་སངས།

Title

༢༠༠༥།༠༦།༡༠ རེས་གཟའ་པ་སངས།

Description

  • ༸གོང་ས་མཆོག་Luxembergཁུལ་དུ་ཆིབས་བསྒྱུར་ཐོག་མ་གནང་བཞག
  • བོད་མིའི་ངོས་འཛིན་མ་བརླག་པར་གནས་ཐབས་ཀྱི་སྲིད་བྱུས་གཏན་འབེབས་ཆེད་ཚོགས་ཆུང་ཟུར་འཛུགས་གནང་འཆར་འདུག
  • ཁེ་ན་ཌའི་ཕྱོགས་འགལ་ཚོགས་པས་གཞུང་དང་Bombardierཚོང་ལས་སྡེ་ཚན་ནས་རྒྱ་ནག་གིས་ལས་གཞིའི་ནང་མཉམ་བཞུགས་བྱེད་པར་ཐུགས་ཚབ་ཡོད་པའི་འགྲེལ་བརྗོད་གནང་འདུག
  • རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོ་མུ་མཐུད་རྩེད་འགྲན་གནང་ཡས་རེད་བཞག
  • ཨ་རིའི་LosAngelesཁུལ་དུ་བོད་ཀྱི་ཆབ་སྲིད་དང་རིག་གཞུང་སྐོར་ལ་གསུང་བཤད་ལས་རིམ་གོ་སྒྲིགས་གནང་འདུག
  • འཛམ་གླིང་ཡང་ཐོག་གི་འབངས་མཛོད་ཙེས་པ་དེ་ཨ་རིའི་San Franciscoཁུལ་དུ་འགྲེམས་སྟོན་བྱ་རྒྱུར་ངོ་རྒོལ་གནང་འདུག
  • རྒྱ་ནག་གཞུང་ནས་མང་ཚོགས་ཀྱི་ཆ་ཤས་ལེན་ས་ཡོད་པའི་དྲ་གནས་ཡོངས་རྫོགས་དེབ་སྐྱེལ་བྱེད་དགོས་པའི་བཙན་བཀའ་བཏང་བཞག
  • བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད་ནང་བོད་ཀྱི་རྩོད་རྙོགས་འདུམ་སྒྲིག་ལྟེ་གནས་ཁང་གི་སྐོར་འགན་འཛིན་ཀརྨ་ལེགས་བཤད་ལགས་དང་གླེང་མོལ་ཞུས་པ།

Contributor

ཕ་རན་སི་སྐུ་ཚབ་དོན་གཅོད་ནས་བཀྲིས་ཕུན་ཚོགས་ལགས།,ཚེ་རིང་དབང་ཕྱུག་ལགས།,དྲུང་ཆེ་ངག་དབང་བཟང་པོ་ལགས།,རྩོད་རྙོགས་འདུམ་སྒྲིག་ལྟེ་གནས་ཁང་གི་འགན་འཛིན་ཀརྨ་ལེགས་བཤད་ལགས་,

Date

10-06-05