༢༠༠༩།༠༣།༠༢ རེས་གཟའ་ཟླ་བ།

Title

༢༠༠༩།༠༣།༠༢ རེས་གཟའ་ཟླ་བ།

Description

  • རྔ་བ་བསེ་དགོན་པར་དགེ་འདུན་པ་ ༢༠༠ སྐོར་ཞིག་གིས་ཡར་ལངས་བྱས་པ་དང༌མང་ར་ཁུལ་ནས་དེ་རིང་བོད་མི་ ༡༡ སྐྱར་དུ་འཇུ་བཟུང་བྱས་འདུག
  • སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གཞུང་གིས་ད་ལྟ་བོད་ཐོག་འཛིན་པའི་སྲིད་ཇུས་དེ་མུ་མཐུད་གནས་པ་ཡིན་ན་བོད་ཡུལ་རྒྱ་ཡུལ་དུ་འགྱུར་རྒྱུའི་ཉེན་ཁ་ཡོད་སྐོར་བཀའ་གནང་འདུག
  • རྒྱ་གར་ལྷོ་ཕྱོགས་ཀྱི་ཆིབས་བསྒྱུར་ལེགས་པར་སྒྲུབ་རྗེས་༧གོང་ས་མཆོག་དེ་རིང་བཞུགས་སྒར་དུ་ཞབས་གསོར་བདེ་བར་འཁོད་གནང་སོང༌།
  • བལ་ཡུལ་དུ་ལོ་གསར་ཚེས་ ༣ ཉིན་འཛིན་བཟུང་བྱས་པའི་བོད་པའི་དགེ་འདུན་པ་དགུ་སྣེ་ལེན་ཁང་ལ་རྩིས་སྤྲོད་བྱས་ཡོད།
  • བོད་ནང་གཏེར་ཁ་བསྔོགས་འདོན་བྱེད་མཁན་གྱི་བཟོ་གྲྭ་ཞིག་ལ་ CANADAའི་ནང་བོད་དོན་ལས་འགུལ་བས་ངོ་རྒོལ་གནང་འདུག
  • རྒྱ་ནག་གཞུང་གིས་བོད་ནང་གི་དཀའ་ངལ་དེ་དག་ནུབ་ཕྱོགས་པའི་གཞུང་ཁག་ཅིག་གིས་སྐུལ་སློང་སྤེལ་བ་ཞིག་རེད་ཅེས་བརྗོད་འདུག
  • དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་ཁྲི་འདོན་ཞུས་ནས་མི་ལོ་ ༥༠ འཁོར་བའི་རྟེན་འབྲེལ་སྲུང་བརྩི་ཞུས་ཡོད་པ་རེད།

Contributor

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་་དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོགམཁས་གྲུབ།ངག་དབང་ལགས།བཀྲ་ཤིས་དབང་ཕྱུག

Date

02-03-09