༢༠༠༩།༠༣།༡༡། རེས་གཟའ་ལྷག་པ།

Title

༢༠༠༩།༠༣།༡༡། རེས་གཟའ་ལྷག་པ།

Description

  • སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་དང་བོད་བསྟན་སྲིད་ཆེད་སྦྱིན་བསྲེགས་ཀྱི་ཚོགས་མགོན་དུ་༧གོང་ས་མཆོག་ཆིབས་སྒྱུར་གནང་སོང༌།
  • སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་འཕྲུལ་དུས་ཆེན་དང་བསྟུན་སྐྱེས་རབས་ཀྱི་ཆོས་འབྲེལ་གནང་སོང༌།
  • རྒྱ་རིགས་ཁག་ཅིག་ནས་བོད་དོན་ལས་འགུལ་ནང་མཉམ་བཞུགས་དང་འབྲེལ་རྒྱ་ནག་དམར་པོའི་གཞུང་དེ་རྒྱ་ནག་མི་དམངས་ཀྱི་དགྲ་བོ་ཞིག་ཀྱང་རེད་ཅེས་གསུངས་སོང༌།
  • རྒྱལ་སྤྱིའི་མཁྱོན་ཡོངས་སུ་བོད་དོན་དང་འབྲེལ་བའི་ལས་འགུལ་རྣམ་པ་དྲ་མིན་སྤེལ་འདུག
  • བལ་ཡུལ་སྤོག་ར་ས་གནས་སུ་གསུམ་བཅུའི་དུས་དྲན་ཆོས་ཕྱོགས་ཀྱི་ཐོག་ནས་སྲུང་བརྩི་ཞུས་འདུག
  • དུས་ཚོད་འོས་མཚམས་ཤིག་སླེབས་སྐབས་རྒྱ་གར་གཞུང་ནས་བོད་ལ་རོགས་བྱ་རྒྱུའི་ཡིད་ཆེས་ཡོད་ཅེས་བཀའ་གནང་སོང༌།
  • ཨ་རིའི་གྲོས་ཚོགས་ཚོགས་གཙོ་མཆོག་ནས་འཛམ་གླིང་གིས་བོད་དོན་ཆེད་སྐད་མ་བརྒྱབ་པ་ཡིན་ན་ བཟང་ཕྱོགས་ཀྱི་ལས་འགན་འགྲུབ་ཡོད་མ་རེད་གསུངས་སོང༌།

Identifier

སྒྲ་མི་འདུག

Contributor

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག,

Date

11-03-09