༢༠༠༩།༠༣།༢༧ རེས་གཟའ་པ་སངས།

Title

༢༠༠༩།༠༣།༢༧ རེས་གཟའ་པ་སངས།

Description

  • བཙན་བྱོལ་བོད་གཞུང་ནས་ཞིང་བྲན་བཅིངས་བཀྲོལ་གྱི་ཉིན་མོ་ཟེར་བ་དེ་རྒྱལ་སྤྱིའི་ཁྱོན་ཡོངས་སུ་ཡོད་པའི་བོད་མི་ཚོས་མྱ་ངན་གྱི་ཉིན་མོ་སྲུང་བརྩི་ཞུ་རྒྱུ་རེད་གསུངས་སོང༌།
  • གྲོ་ཚོགས་ཚོགས་དུས་བདུན་པ་མཇུག་སྒྲིལ་བྱུང་སོང༌།
  • དཀར་མཛེས་ཁུལ་དུ་བོད་མི་ཞིག་རྐྱེན་འདས་དང༌མང་དག་ཅིག་འཇུ་བཟུང་བྱས་འདུག
  • བོད་ནང་གདུག་རྩུབ་ཆེ་བའི་གློག་བརྙན་ཞིག་གཟིགས་འབུལ་གནང་བ་དེའི་རྒྱབ་ཏུ་ལངས་ཕྱོགས་གཏན་པོ་འཛིན་ཡོད་གསུངས་སོང༌།
  • ༧སྐྱབས་རྗེ་པད་ནོར་རིན་པོ་ཆེ་མཆོག་ལ་ཛ་དྲག་གི་བརྟན་བཞུགས་ཕུལ་དགོས་ཁེལ་འདུག
  • ༧ས་སྐྱ་གོང་མ་རིན་པོ་ཆེ་མཆོག་ནང་རིང་མིན་དུས་འཁོར་དབང་ཆེན་གནང་གཏན་ཁེལ་འདུག
  • སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མ་ཕེབས་པར་འཛམ་གླིང་ནང་པའི་ལྷན་ཚོགས་ཚོགས་རྒྱུ་དེ་ནི་འོས་ཆོས་མི་ཚང་བའི་འདུ་འཛོམས་ཤིག་རེད་གསུངས་སོང༌།
  • རྒྱ་གར་རྒྱལ་སར་ལྔ་བཅུའི་དུས་དྲན་ལ་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུ་བའི་དུས་སྟོན་ཞིག་ཚོགས་འདུག

Contributor

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག,༧སྐྱབས་རྗེ་པད་ནོར་རིན་པོ་ཆེ་མཆོག,༧ས་སྐྱ་གོང་མ་རིན་པོ་ཆེ་མཆོག,སྟག་ལྷ་སྐལ་བཟང་དབྱངས་སྐྱིད།,ཚོགས་གཙོ་སྤེན་པ་ཚེ་རིང་།,ཚེ་རིང་པོ་ལགས།,

Date

27-03-09