༢༠༠༩།༠༤།༢༡ རེས་གཟའ་མིག་དམར།

Title

༢༠༠༩།༠༤།༢༡ རེས་གཟའ་མིག་དམར།

Description

  • རྒྱ་གཞུང་ནས་བོད་མི་ཞིག་ལ་སྲོག་ཐོག་ཁྲིམས་བཅད་བཟོས་པའི་ཐད་བོད་གཞུང་ནས་ཐུགས་ཕམ་ཡོད་གསུངས་སོང༌།
  • བོད་མི་ཆབ་སྲིད་བཙོན་པ་འཇིགས་མེད་རྒྱ་མཚོ་ལགས་གློད་བཀྲོལ་དགོས་སྐོར་གསུང་སོང༌།
  • འཇར་མན་གྲོས་ཚོགས་ཀྱི་མཁས་པའི་ཚོགས་ཆུང་ཞིག་བོད་ནང་དུ་བསྐྱོད་སྐབས་ལྷ་སའི་བཙོན་ཁང་དུ་འགྲོ་བསྐྱོད་བྱས་བཅུག་མེད་སྐོར་འགྲེལ་བརྗོད་གནང་འདུག
  • རྒྱ་གཞུང་གིས་གནོན་ཤུགས་རྐྱེན་པས་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་འགོག་པའི་ཚོགས་འདུའི་ནང༌བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་བཀག་འགོག་བྱས་འདུག
  • བོད་མིའི་མི་རིགས་ས་ཁོངས་རང་སྐྱོང་གི་བསམ་འཆར་ཡིག་ཆའི་རྒྱབ་ལྗོངས་འགྲེལ་བཤད་ཀྱི་ཡིག་ཆ་གསར་པ་ཞིག་འདོན་སྤེལ་གནང་འཆར་ཡོད་སྐོར་གསུང་འདུག
  • བོད་ཀྱི་གནའ་རབས་དང་དེང་རབས་ཀྱི་གླུ་གཞས་ལས་རིམ་ནང་གཞས་པ་བློ་བཟང་དཔལ་ལྡན་ལགས་ཀྱིས་འདས་མོ་གཅེན་མོ་ཚེ་རིང་དཔལ་མོ་སོགས་ལ་བཏང་བ་ཞིག་བཅས།

Contributor

ཐུབ་བསྟན་བསམ་འཕེལ།,འཇམ་དཔལ་སྨོན་ལམ།,ཆབ་སྲིད་བཙོན་པ་འཇིགས་མེད་རྒྱ་མཚོ།,བསྟན་འཛིན་ནོར་རྒྱས།,བཀའ་བློན་ཁྲི་པ་མཆོག,གཞས་པ་བློ་བཟང་དཔལ་ལྡན།,

Date

21-04-09