༢༠༠༩།༠༤།༢༤ རེས་གཟའ་པ་སངས།

Title

༢༠༠༩།༠༤།༢༤ རེས་གཟའ་པ་སངས།

Description

  • དེ་རིང་ཨ་མདོ་བླ་བྲང་བསང་ཆུ་ཁུལ་དུ་བོད་པའི་སློབ་ཕྲུག་གིས་ངོ་རྒོལ་བྱས་པ་དང༌།
  • ཀླུ་ཚང་དགོན་གྱི་གྲྭ་པ་དྲུག་འཛིན་བཟུང་བྱས་པ།
  • བོད་ཀྱི་ས་མཚམས་ཁག་ཏུ་སྔར་ལྷག་དམ་དྲག་ཆེ་རུ་གཏོང་དགོས་སྐོར་བརྗོད་འདུག
  • རྒྱལ་ཚོགས་སུ་མི་རིགས་དབྱེ་འབྱེད་འགོག་པའི་ཚོགས་འདུའི་ཐོག་བོད་ནང་གི་དཀའ་སྡུག་གླེང་སྐབས་རྒྱ་གཞུང་གི་སྐུ་ཚབ་ནས་འགོག་རྐྱེན་བཟོས་འདུག
  • ཨ་རི་གཞུང་ནས་རྒྱ་ནག་དང་མཉམ་དུ་འབྲེལ་བ་གནང་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ཐུགས་སྣང་གནང་རྒྱུ་ཡིན་སྐོར་གསུང་འདུག
  • Spainཁྲིམས་ཁང་དུ་གཏུགས་བཤེར་སྐབས་བོད་པའི་དཔང་པོ་ཞིག་གིས་ཁྲིམས་དཔོན་མཆོག་བོད་དང་རྒྱ་གར་དུ་ཕེབས་དགོས་པའི་འབོད་སྐུལ་ཞུས་འདུག
  • Santa Barbaraཁུལ་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་ཐད་ངང་སྒུག་བྱེད་བཞིན་འདུག
  • ས་སྐྱ་༧གོང་མ་རིན་པོ་ཆེ་མཆོག་Australiaཁུལ་དུ་ཞབས་སོར་འཁོད་གནང་འདུག
  • བལ་ཡུལ་ཞབས་རིམ་ལྷན་ཚོགས་ནས་འཛམ་གླིང་ཞི་བདེ་དང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཆེད་ཞབས་རིམ་གནང་འདུག

Contributor

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག,ས་སྐྱ་༧གོང་མ་རིན་པོ་ཆེ་མཆོག,སྒྲོལ་དཀར་སྐྱབས།,སངས་རྒྱས་སྐྱབས།,Hillary Clinton,བཀྲ་ཤིས་བདེ་སི།,ཨ་དེ་ཤ་བསྟན་འཛིན་ཕུན་ཚོགས།

Date

24-04-09