༢༠༠༩།༠༦།༡༦ རེས་གཟའ་མིག་དམར།

Title

༢༠༠༩།༠༦།༡༦ རེས་གཟའ་མིག་དམར།

Description

  • བོད་རིགས་ཡོངས་ལ་མིང་དོན་ཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ལ་རྒྱ་གཞུང་གིས་ངོས་ལེན་མེད་སྐོར་བརྗོད་འདུག
  • རྒྱ་གཞུང་ནས་བཀའ་བློན་ཁྲི་པ་དགོངས་ཞུས་ཀྱི་གནད་དོན་དེ་ནང་ཁུལ་དབང་ཆ་ཐབས་རྩོད་ཀྱི་གནད་དོན་ཞིག་ཡིན་པའི་འགྲེལ་བརྗོད་བྱས་ཡོད་པ་རེད།
  • རྒྱ་ནག་གཞུང་གིས་བོད་ཨ་མདོ་ཀན་ལྷོ་ཁུལ་ཕྱི་ལ་སྒོ་མོ་དབྱེ་རྒྱུ་ཡིན་སྐོར་བརྗོད་འདུག
  • རྒྱ་ནག་གི་སྲིད་དབང་སྒེར་སྤྱོད་རིང་ལུགས་མེད་པ་ཆགས་ན་མིའི་བཟང་ཕྱོགས་ཀྱི་རྣམ་པ་ཐོན་གྱི་རེད་ཅེས་བཀའ་གནང་འདུག
  • ཧི་མ་ལ་ཡའི་མི་རིགས་ནས་འཁྲུངས་སྐར་དམིགས་བསལ་སྲུང་བརྩི་ཞུ་རྒྱུ་རེད་འདུག
  • རྒྱ་ནག་གཞུང་གིས་བཙོན་པར་མེ་མདའི་ཚབ་ཏུ་ཁབ་བརྒྱབ་ཏེ་སྲོག་ཐོག་ཉེས་ཆད་གཏང་གཏན་ཁེལ་འདུག
  • བོད་མིའི་རང་དབང་འཐབ་རྩོད་ཀྱི་གནས་སྟངས་ཞུམ་པ་མེད་པར་གནས་པ་དེ་བོད་ནང་གི་བོད་མི་ཚོའི་སྙིང་སྟོབས་ལ་བརྟེན་ནས་ཡིན་སྐོར་གསུངས་འདུག
  • བོད་ཀྱི་གནའ་རབས་དང་དེང་དུས་གླུ་གཞས་ལས་རིམ་ནང་དུ་གླུ་གཞས་དགེ་རྒན་རྡོ་རྗེ་ཚེ་རིང་ལགས་ཀྱིས་བཏང་བའི་རོལ་མོའི་མཆོད་དབྱངས་ཞེས་པ་བཅས།

Contributor

བཀའ་བློན་ཁྲི་པ།,ཚེ་རིང་བསམ་འཕེལ།,དགེ་རྒན་རྡོ་རྗེ་ཚེ་རིང་།,

Date

16-06-09