༢༠༡༡།༠༩།༢༧ རེས་གཟའ་མིག་དམར།

Title

༢༠༡༡།༠༩།༢༧ རེས་གཟའ་མིག་དམར།

Description

  • བོད་རྒྱལ་ཁབ་ཀྱི་འཐབ་རྩོད་རྒྱུན་འཁྱོངས་ཆེད་གཞིས་བཞུགས་བོད་མི་ཚོས་སྐུ་ལུས་མཆོད་མེར་མ་ཕུལ་རོགས་ཞེས་འབོད་སྐུལ་གནང་སོང་།
  • བོད་ནང་ཁ་སང་དགེ་འདུན་པ་གཉིས་ནས་སྐུ་ལུས་མཆོད་མེར་ཕུལ་བའི་གནད་དོན་དེ་དྲིལ་བསྒྲགས་ཆེད་ལྡི་ལི་མཐོ་སློབ་སློབ་མ་ཚོས་རྐང་འཁོར་སྐོར་བསྐྱོད་གནང་འདུག
  • བ་ཡན་རྫོང་དུ་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་བྱས་རྗེས་བོད་པའི་སློབ་མ་གཉིས་དང་རྒན་ལགས་གཅིག་འཛིན་བཟུང་བྱས་འདུག
  • རྒྱ་གཞུང་གིས་༸གོང་ས་མཆོག་ནས་ཡང་སྲིད་སྐོར་གསུང་འཕྲིན་བསྩལ་བ་དེ་ཁྲིམས་འགལ་ཡིན་ཚུལ་སྐྱོན་བརྗོད་ཞུས་འདུག
  • དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ཉི་ཤུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་སོང་།
  • བོད་མིའི་སྤྱི་ཚོགས་ཁྲོད་ཁྱད་ལས་པ་ཇི་མང་ཐོན་ཆེད་གཞུང་ཕྱོགས་ནས་རྒྱབ་སྐྱོར་ཡོང་བའི་འབོད་བསྐུལ་ཞུས་སོང་།
  • རྡ་ས་ས་གནས་ཀྱི་དངོས་གཞིའི་སྙན་ངག་གྱེར་འདོན་གྱི་ལས་རིམ་ཟིན་འདུག

Identifier

1137 'B'

Contributor

་༸གོང་ས་ཆེན་པོ་མཆོག,རྡ་ས་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་བརྩོན་འགྲུས་ལགས།,འབྲེལ་མཐུད་པ་ཀི་རྟི་ནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས།,ཚོགས་གཙོ་རྫོ་རྗེ་ཚེ་བརྟན་ལགས།,ཚོགས་གཙོ་དཔལ་ལྡན་བསོད་ནམས་ལགས།,འགན་འཛིན་དབང་མོ་ལགས།,བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག,

Date

27-09-11