Title
༢༠༡༡།༠༩།༢༨ རེས་གཟའ་ལྷག་པ།
Description
- ཨ་མི་རི་ཁས་རྒྱ་ནག་གཞུང་ལ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དགོས་པའི་འབོད་བསྐུལ་གནང་བ་དང་།
- ཡོ་རོབ་གྲོས་ཚོགས་སུ་ཀིརྟི་དགོན་པའི་དགེ་འདུན་པས་རང་ལུས་མེར་བསྲེགས་བཏང་བའི་སྐོར་ལ་གླེང་སློང་གནང་བ།
- རྔ་པ་ཀིརྟིའི་ཁུལ་དུ་ལྐོག་ཏུ་དམ་དྲག་བྱེད་བཞིན་པ་དང་རྒྱལ་སྤྱི་ཁྱོན་དུ་བོད་མིས་ལས་འགུལ་སྤེལ་བཞིན་པ།
- རྒྱ་ནག་གཞུང་གིས་༸གོང་ས་མཆོག་ལ་ཡང་སྲིད་དང་འབྲེལ་བའི་སྐྱོན་བརྗོད་ཞུས་པ་རྣམས་གཞི་རྩ་མེད་པའི་སྐྱག་རྫུན་ཤ་སྟག་ཡིན་སྐོར་གསུངས་སོང་།
- བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་གཞུང་ནས་བསྒྱུར་བཅོས་ཤུགས་ཆེ་བཏང་སྟེ་འབྲོག་པའི་འཚོ་ཐབས་ལ་དཀའ་ངལ་འཕྲད་བཞིན་པ་དེ་ཐེར་འདོན་གནང་འདུག
- ལྷོ་ཨ་ཧྥི་རི་ཁའི་གཞུང་གིས་༸གོང་ས་མཆོག་གི་མཐོང་མཆན་སྙན་ཞུ་འབྱོར་སྐོར་བརྗོད་པ་ཙམ་ལས་ནར་འགྱངས་སུ་འཇོག་པ་ནི་ཐབས་ལམ་ཡིན་པར་སྐྱོན་བརྗོད་གནང་འདུག
- ༸གོང་ས་མཆོག་ནས་ནོ་སྦེལ་ཞི་བདེའི་དེད་དཔོན་ཞིག་དགོངས་པ་རྫོགས་པར་ཐུགས་གསོའི་གསུང་འཕྲིན་བསྩལ་གནང་འདུག
- ༸གོང་ས་མཆོག་གིས་ཨ་རིའི་རྒྱལ་སར་རྒྱའི་མི་རིགས་ཁག་ཅིག་ལ་བསྩལ་བའི་བཀའ་སློབ་གྱི་ལས་རིམ་བཅས།
Identifier
1138 'A'
Contributor
༸གོང་ས་ཆེན་པོ་མཆོག,སྐུ་ཞབས་བློ་བཟང་ཡེ་ཤེས་ལགས།,ས་གནས་གཞོན་ནུའི་ཚོགས་གཙོ་ཤེས་རབ་རྒྱ་མཚོ་ལགས།,སྦེལ་ཀོབ་ས་གནས་གཞོན་ནུའི་ཚོགས་གཙོ་ལྷ་སྐྱབས་ལགས།,བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག,
Date
28-09-11