༢༠༠༩།༠༩།༡༥ རེས་གཟའ་མིག་དམར།

Title

༢༠༠༩།༠༩།༡༥ རེས་གཟའ་མིག་དམར།

Description

  • ཨ་རིའི་སྲིད་འཛིན་གྱི་སློབ་སྟོན་པས་ཁོང་རྣམས་བཞུགས་སྒར་དུ་ཕེབས་དགོས་དོན་གཙོ་བོ་ནི་སྲིད་འཛིན་ཨོ་བྷ་མས་སྲིད་གཞུང་ནས་བོད་དོན་ཐད་བཞེངས་ཕྱོགས་ངོ་སྤྲོད་ཆེད་ཡིན་གསུངས་འདུག
  • སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་དུ་ཉིན་གྲངས་གསུམ་གྱི་ཆོས་འབྲེལ་དབུ་འཛུགས་གནང་སོང༌།
  • ཐེ་ཝན་ཡི་ཤུའི་ལྷ་ཁང་མཐུན་ཚོགས་ནས་སྤྱི་ནོར་ྋགོང་ས་མཆོག་ཉེ་ལམ་ཁུལ་དེར་ཆིབས་བསྒྱུར་སྐྱངས་བར་བསྔགས་བརྗོད་དང་ཆེ་བསྟོད་ཞུས་འདུག
  • བཙན་བྱོལ་བོད་གཞུང་གིས་བཀའ་ཤག་གི་ལས་དོན་དྲིལ་བསྒྲགས་བྱ་རྒྱུ་ལས་རྒྱ་མིའིབཙན་འོག་ཏུ་ཡོད་པའི་བོད་མིའི་བདེ་འཇགས་གལ་ཆེན་རྩིས་ཀྱི་ཡོད་སྐོར་གསུངས་སོང༌།་
  • བཀའ་བློན་ཁྲི་པ་མཆོག་གིས་རྒྱ་ནག་གིས་སྐད་ཆར་མ་བལྟས་པར་བྱ་སྤྱོད་ལ་དོ་སྣང་བྱ་དགོས་སྐོར་གསུངས་འདུག
  • རྒྱལ་ཚོགས་ནས་བོད་དང་ཤར་ཏུར་ཀི་སི་ཐན་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཐུགས་ཚབ་དང་སྦྲགས་རྒྱ་གཞུང་ནས་བསྒྱུར་བཅོས་དགོས་སྐོར་གསུངས་འདུག
  • བོད་ཀྱི་གནའ་རབས་དང་དེང་དུས་ཀྱི་གླུ་གཞས་ལས་རིམ་ནང་ནམ་མཁའ་མ་སྟོང་བར་ཞེས་པ་དེ་རྒྱང་སྲིང་ཞུ་རྒྱུ་ཡིན།

Contributor

སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག,ཨ་རིའི་སྲིད་འཛིན་ཨོ་བྷ་མ།,བཀའ་བློན་ཁྲི་པ་མཆོག,

Date

15-09-09