༢༠༡༡།༡༢།༡༥ རེས་གཟའ་ཕུར་བུ།

Title

༢༠༡༡།༡༢།༡༥ རེས་གཟའ་ཕུར་བུ།

Description

  • མདོ་སྨད་བསང་ཆུ་རྫོང་དུ་དམ་དྲག་གི་བརྒྱུད་རིམ་ནང་རྒྱ་གཞུང་གི་མི་སྣས་བོད་མི་ཞིག་ལ་མེ་མདའ་བརྒྱབས་ནས་བཀྲོངས་པའི་གནས་ཚུལ་བྱུང་འདུག
  • བསྟན་འཛིན་ཕུན་ཚོགས་ལགས་ཀྱི་ཞལ་འཆེམས་ནང་འཛིན་བཟུང་བྱས་པའི་དགེ་འདུན་པ་མང་པོའི་མཚན་གསར་དུ་ངོ་འཕྲོད་བྱུང་འདུག
  • རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུའི་སྐབས་གཞིས་བྱེས་གཉིས་ཀར་བོད་ཡིག་གཅིག་གྱུར་ཡོང་རྒྱུར་འབད་བརྩོན་དགོས་པའི་ཐག་གཅོད་བྱུང་འདུག
  • རྔ་པ་ཁུལ་དུ་ས་བྱི་ཞི་རྒོལ་གྱི་རྐྱེན་གཙོ་བོ་ཞིག་ནི་སྒེར་གཉེར་སློབ་གྲྭ་སྒོ་བརྒྱབས་པས་ཡིན་སྐོར་ངོ་སྤྲོད་གནང་འདུག
  • དགའ་ལྡན་ཕོ་བྲང་གི་སྲི་ཞུ་བ་ཟུར་པ་བསྟན་པ་བཟོད་པ་ལགས་དགོངས་པ་རྫོགས་པའི་གནས་ཚུལ་བྱུང་འདུག
  • གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཚོགས་ཞབས་ཞུའི་སྐོར་ཆེད་བསྒྲིགས་ཞུས་པའི་ལེ་ཚན་དང་།
  • འཕྲོད་བསྟེན་ཤེས་བྱའི་ངོ་སྤྲོད་ཀྱི་ལས་རིམ་ནང་ཁྲག་ཤེད་ཀྱི་ནད་གཞིའི་སྐོར་བོད་གཞུང་དབུས་སྨན་རྩིས་ཁང་གི་སྨན་པ་དཀོན་མཆོག་རྡོ་རྗེ་ལགས་ཀྱི་ངོ་སྤྲོད་གནང་བ་བཅས།

Identifier

1177 'A'

Contributor

ཆོས་འབྱོར་ལགས།,འབྲུག་དཀར་སྐྱབས་ལགས།,བསྟན་འཛིན་ཕུན་ཚོགས་ལགས་,་སྨན་པ་དཀོན་མཆོག་རྡོ་རྗེ་ལགས།,སྲི་ཞུ་བ་ཟུར་པ་བསྟན་པ་བཟོད་པ་ལགས་,བློ་བཟང་ལགས།,བསྟན་འཛིན་བརྩོན་འགྲུས་ལགས།

Date

15-12-11