༢༠༡༡།༡༢།༡༦ རེས་གཟའ་པ་སངས།

Title

༢༠༡༡།༡༢།༡༦ རེས་གཟའ་པ་སངས།

Description

  • ༸གོང་ས་མཆོག་གིས་བོད་མི་རྣམས་ལ་ནང་པའི་ཚན་རིག་དེ་ཤེས་ཡོན་གྱི་རང་བཞིན་ཐོག་སྤྱི་ཚོགས་ནང་ཞབས་ཞུ་བསྒྲུབ་རྒྱུའི་འགན་ཡོད་སྐོར་བཀའ་གནང་སོང་།
  • སྔ་ལོ་བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་སྐུ་ཤོག་བཀྲ་བྷེ་ལགས་རྒྱ་མིའི་དམག་མིའི་སྨན་ཁང་དུ་ཡོད་པའི་ར་སྤྲོད་བྱུང་འདུག
  • ཀྲུ་ཝེ་ཅུན་གྱིས་རྒྱ་ནག་དམར་ཤོག་ཚོགས་པའི་མི་སྣ་ཚོར་ཆོས་དང་འབྲེལ་བ་བྱེད་མི་ཆོག་བཀའ་རྒྱ་བཏང་འདུག
  • ཐེ་ཝན་ནང་གནས་སྡོད་བོད་མི་ཚོས་བོད་མིའི་ཕྱིར་བསྐྱོད་ལག་དེབ་སེར་པོ་ལ་ཐེ་ཝན་གཞུང་ངོས་ནས་བརྩི་འཇོག་དགོས་པའི་འབོད་སྐུལ་ཞུས་འདུག
  • ཨ་རིའི་Massachusitts ཁུལ་དུ་དཀྱིལ་འཁོར་བཞེངས་ནས་བྱམས་བརྩེ་སྤེལ་ཐབས་གནང་བཞིན་འདུག
  • ནོ་ཝེའི་རྒྱལ་ཁབ་ནང་བཅའ་བཞུགས་བོད་མི་ཐུབ་བསྟན་བསྟན་འཛིན་ལགས་ཀྱིས་རང་ཉིད་ཀྱི་མི་ཚེའི་ནང་གི་དངོས་བྱུང་ལོ་རྒྱུས་ཁག་ཕྱོགས་བསྒྲིགས་ཀྱིས་བརྩམས་གནང་བའི་མཐོང་ཐོས་མྱོང་གྱུར་ལོ་རྒྱུས་ཞེས་པའི་སྐོར་དམིགས་བསལ་བཅའ་འདྲི་ཞུས་པའི་ལས་རིམ་དང་།
  • བཙན་བྱོལ་བོད་མིའི་གནས་གནས་སྟངས་ངོ་སྤྲོད་ཞུ་བའི་ལས་རིམ་ནང་ཀུ་ལུ་དཔལ་རབ་གླིང་བོད་མིའི་གཞིས་ཆགས་སྐོར་དང་ཁུལ་དེའི་བོད་མི་རྒན་གྲས་པ་སངས་ཟླ་བ་ལགས་ཀྱི་ངོ་སྤྲོད་གནང་བའི་བཅས།

Identifier

1177 'B'

Contributor

༸གོང་ས་ཆེན་པོ་མཆོག,དགེ་བཤེས་ལྷག་རྡོར་ལགས།,སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས།,ཐའེ་ཝན་གནས་ཤུགས་བཀྲིས་ལགས།,རྒན་གྲས་པ་སངས་ཟླ་བ་ལགས་ཐུབ་བསྟན་བསྟན་འཛིན་ལགས་,

Date

16-12-11