༢༠༠༩།༡༠།༠༥ རེས་གཟའ་ཟླ་བ།

Title

༢༠༠༩།༡༠།༠༥ རེས་གཟའ་ཟླ་བ།

Description

  • སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དེ་རིང་Lantosའགྲོ་བ་མིའི་ཐོབ་ཐང་གི་བྱ་དགའ་ཐོག་མ་དེ་འབུལ་བཞེས་བསྐྱང་རྒྱུ་རེད་འདུག
  • ཞི་བདེ་རྒྱ་མཚོའི་ས་ཁུལ་ཁག་ནང་འབྱུང་བའི་གནོད་འཚེ་ཕོག་པ་རྣམས་ལ་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་གསོའི་འཚམས་འཕྲིན་གནང་འདུག
  • བོད་ནང་སླར་ཡང་བོད་དོན་འཐབ་རྩོད་ཀྱི་དྲིལ་བསྒྲགས་ཡིག་ཆ་དང༌བོད་ཀྱི་རྒྱལ་དར་བཀྲམས་པའི་གནས་ཚུལ་བྱུང་འདུག
  • རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་དང་བསྟུན་ངོ་རྒོལ་རིགས་མི་ཡོང་བའི་ཆེད་བལ་ཡུལ་གཞུང་གིས་བལ་བོད་ས་མཚམས་སུ་འགྲོ་འོང་བཀག་འགོག་བྱས་འདུག
  • བོད་ནང་མ་འོངས་འཚེ་མེད་ཞི་བའི་ལས་འགུལ་སྤེལ་ཕྱོགས་སྐོར་གྱི་ལམ་སྟོན་ཡིག་ཆ་ཞིག་འགྲེམས་སྤེལ་གནང་རྒྱུ་ཡིན་པ་རེད།
  • འོས་བསྡུའི་འགན་འཛིན་གསར་པ་ཁྲི་འདོན་གནང་སོང༌།
  • ལྡི་ལི་བོད་སྒར་གྱི་ཉིན་མོའི་སློབ་གྲྭ་དེ་བོད་ཕྲུག་ཁྱིམ་སྡེར་རྩིས་སྤྲོད་བྱས་ཡོད་པ་རེད།
  • རྒྱ་ནག་གཞུང་ནས་དམག་དཔུང་ཕྱིར་ཐེན་དང་མི་རིགས་གཙང་སེལ་ཞེས་བོད་མིའི་མངོན་འདོད་ལ་འཁྱོག་བཤད་བྱས་པར་བཙན་བྱོལ་བོད་གཞུང་གི་བདེན་པའི་ལས་འདེབས།

Contributor

སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག,ཚོགས་གཙོ་བློ་བཟང་དཔལ་ལྡན།,འཇམ་དཔལ་ཆོས་བཟང་།,བཀའ་བློན་བསྟན་པ་ཚེ་རིང་།,

Date

05-10-09