༢༠༠༩།༡༠།༡༥ རེས་གཟའ་ཕུར་བུ།

Title

༢༠༠༩།༡༠།༡༥ རེས་གཟའ་ཕུར་བུ།

Description

  • སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་རིགས་གཙོ་བོར་འགྱུར་བའི་ཆོས་ཞུ་བ་ཁྲི་ཚོ་རྒལ་བར་ཉིན་བཞིའི་རིང་གི་ཆོས་འབྲེལ་དབུ་འཛུགས་གནང་སོང༌།
  • བོད་གཞུང་གི་སྐུ་ཚབ་དོན་གཅོད་རྣམ་པས་ྋགོང་ས་མཆོག་གིས་མཇལ་ཁ་ཞུས་གནང་སོང༌།
  • བཀའ་བློན་ཁྲི་པ་མཆོག་གིས་རྒྱ་གར་གྱི་སྲིད་བློན་ཨ་རུ་ན་ཅལ་ལ་ཕེབས་པའི་གནད་དོན་ཐད་རྒྱ་ནག་གིས་སྐྱོན་བརྗོད་བྱས་པ་དེ་ནི་ཁུངས་མེད་སྐད་ཆ་ཞིག་རེད་གསུངས་འདུག
  • རྒྱ་ནག་གིས་བོད་ཀྱི་ཡར་ཀླུང་གཙང་པོའི་སྟེང་ཆུ་རགས་རྒྱག་རྒྱུའི་ལས་གཞི་འགོ་འཛུགས་བྱས་འདུག
  • རྒྱ་གར་གྱིས་བལ་ཡུལ་དང་འབྲུག་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་གྱི་ལས་གཞི་སྤེལ་རྒྱུ་རེད་འདུག
  • འཕྲོད་བསྟེན་སྐོར་གྱི་ཤེས་བྱ་ངོ་སྤྲོད་ཞུ་བའི་ལས་རིམ་ནང་སྐུའི་བླ་སྨན་པ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་སྤྱིའི་འཕྲོད་བསྟེན་སྐོར་ངོ་སྤྲོད།

Contributor

སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག,བཀའ་བློན་ཁྲི་པ་མཆོག,ཉམས་ཞིབ་པ་ཆོས་སྐྱིད།,སྐུའི་བླ་སྨན་པ་ཚེ་བརྟན་རྡོ་རྗེ།,

Date

15-10-09