༢༠༠༩།༡༠།༢༣ རེས་གཟའ་པ་སངས།

Title

༢༠༠༩།༡༠།༢༣ རེས་གཟའ་པ་སངས།

Description

  • བཙན་བྱོལ་བོད་གཞུང་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གཉིས་ནས་རྒྱ་གཞུང་གི་བོད་མི་སྲོག་ཐོག་བཏང་བར་ངོ་རྒོལ་ཤུགས་ཆེ་གནང་སོང༌།
  • དབྱིན་ཇིའི་རྒྱལ་ས་ལོན་ཌོན་དང་བཞུགས་སྒར་རྡ་རམ་ས་ལར་མར་མེའི་ཁྲོམ་སྐོར་བརྒྱུད་རྒྱ་ནག་ལ་ངོ་རྒོལ་དང་སྲོག་ཐོག་བཏང་བའི་བོད་མིར་མྱ་ངན་ཞུས་འདུག
  • བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ ༤༩ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་གནང་སོང༌།
  • རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་བར་བེ་ལ་ཀོ་པི་བོད་མི་ཚོས་ཞལ་འདེབས་གནང་འདུག
  • བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད་ཀྱི་ལས་རིམ་ནང༌ཀུ་ལུ་བོད་མིའི་འཚོ་བའི་གནས་སྟངས་སྐོར་ས་འཐུས་ཐུབ་བསྟན་བཀྲིས་ལགས་ཀྱིས་ངོ་སྤྲོད་གནང་བ།

Identifier

སྒྲ་མི་འདུག

Contributor

ས་འཐུས་ཐུབ་བསྟན་བཀྲིས།,

Date

23-10-09