༢༠༠༩།༡༠།༣༡ རེས་གཟའ་སྤེན་པ།

Title

༢༠༠༩།༡༠།༣༡ རེས་གཟའ་སྤེན་པ།

Description

  • སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཉི་ཧོང་ནང་གི་མཛད་འཆར་གྱི་ཐོག་མར་རྒྱ་རིགས་ཁག་ཅིག་དང་ལྷན་དུ་མཇལ་ཕྲད་གནང་འདུག
  • དཔལ་རྒྱལ་དབང་ཀརྨ་པ་དབུ་བཞུགས་ཐོག་བཞུགས་སྒར་དུ་མཆོད་འབུལ་དང་སུད་སི་ནང་མར་མེའི་ཁྲོམ་སྐོར་གནང་ཡོད་པ་རེད།
  • སྔ་ལོའི་ཞི་རྒོལ་ནང་འཛིན་བཟུང་བྱས་པའི་དགའ་ལྡན་དགོན་པའི་དགེ་འདུན་པ་ཞིག་གྲོལ་བྱོལ་དུ་འབྱོར་འདུག
  • བང་ལ་དྷེཤ་ནང་གི་བོད་དོན་སྐོར་གྱི་འགྲེམས་སྟོན་གནང་འཆར་ལ་རྒྱ་ནག་གཞུང་གིས་ཐད་ཀར་བཀག་འགོག་བྱས་འདུག
  • རྒྱ་ནག་གི་ཁྲིམས་རྩོད་པས་ཨ་རིའི་སྲིད་འཛིན་མཆོག་ནས་རྒྱ་ནག་ལ་འཚམས་གཟིགས་སྐབས་འགྲོ་བ་མིའི་ཐོབ་ཐང་གླེང་དགོས་པའི་འབོད་སྐུལ་ཞུས་འདུག
  • ལྷོ་ཨེ་ཤི་ཡའི་ནང་གི་TEDཚོགས་འདུ་དང་པོའི་ཐོག་དཔལ་རྒྱལ་དབང་ཀརྨ་པ་མཆོག་གདན་འདྲེན་ཞུས་འདུག
  • ལྷོ་ཕྱོགས་མོན་གྷོ་ཊ་ཁུལ་དུ་ཁོར་ཡུག་དང་ནང་ཆོས་ངོ་སྤྲོད་ཀྱི་ལས་འགུལ་སྤེལ་གྱི་འདུག
  • ལྷོ་ཁེ་ལི་ཧྤོར་ནིཡའི་ཁུལ་དུ་རྒྱ་བོད་མཐུན་སྒྲིལ་ཚོགས་པ་དངོས་སུ་བཙུགས་ཟིན་མེད་སྐོར་གསུངས་ཀྱི་འདུག

Contributor

སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག,དཔལ་རྒྱལ་དབང་ཀརྨ་པ་མཆོག,སྲིད་འཛིན་ཨོ་བྷ་མ།,ཚེ་དབང་རྒྱལ་པོ།,གྲྭ་ཚུལ་ཁྲིམས།,བཀའ་བློན་པདྨ་ཆོས་འབྱོར།,

Date

31-10-09