Title
༢༠༡༢།༠༢།༡༡ རེས་གཟའ་སྤེན་པ།
Description
- སྐྱེ་རྒྱུ་མདོ་རང་ལུས་མེར་བསྲེགས་བཏང་མཁན་གྱི་གནས་ཚུལ་ཞིབ་རྒྱས་དང་གནས་སྟངས་ཛ་དྲག་ཆེ་རུ་འགྲོ་བཞིན་ཐད་སྤྱི་འཐུས་ལྷན་ཚོགས་ཀྱི་ཐུགས་ཚབ་འགྲེལ་བརྗོད་གནང་བ།
- བོད་མདོ་སྨད་མ་ར་རྫོང་དུ་ལོ་གསར་དགོང་ཚོགས་བྱེད་དགོས་པའི་བཀའ་རྒྱར་བོད་མིར་དྭངས་ལེན་མ་བྱེད་པར་དང་།
- ཡོ་རོབ་མཐུན་ཚོགས་ངོས་ནས་རིང་མིན་རྒྱ་ནག་མཉམ་དུ་གྲོས་མོལ་སྐབས་བོད་དོན་གླེང་དགོས་པའི་འབོད་སྐུལ་ཞུས་པ།
- ཨ་རི་གཞུང་ནས་རྒྱ་ནག་གིས་སྲིད་འཛིན་གཞོན་པ་འགྲོ་བ་མིའི་ཐོབ་ཐང་གནད་དོན་གླེང་སློང་གནང་རྒྱུ་ཡིན་སྐོར་གསུངས་འདུག
- དབྱིན་ཇིའི་གྲོས་ཚོགས་སུ་བོད་ནང་གི་གནས་སྟངས་སྐོར་གླེང་བ་དང་དེ་བཞིན་རྒྱལ་སྤྱིའི་ནང་དུ་བོད་དོན་ལས་འགུལ་སྐོར།
- བོད་ནང་གི་ཛ་དྲག་གནས་སྟངས་གསལ་འདོན་ཆེད་རྒྱ་གར་གྲོང་འཁྱེར་Mumbaiཁུལ་དུ་ཟས་བཅད་ངོ་རྒོལ་གནང་བའི་སྐོར།
- ༸གོང་ས་མཆོག་གི་ཉི་ཧོང་ཁུལ་དུ་བཀའ་སློབ་གནང་བ།
Contributor
༸གོང་ས་ཆེན་པོ་མཆོག,རང་ལུས་མེར་བསྲེགས་པ་གྲྭ་བསོད་ནམས་རབ་དབྱངས་ལགས།,སྤྱི་འཐུས་པདྨ་འབྱུང་གནས་མཆོག,སྤྱི་འཐུས་བསྟེན་པ་ལགས།,ཚེ་ལོ་རྒྱལ་ལགས།,
Date
11-02-12