༢༠༡༢།༠༣།༠༩ རེས་གཟའ་པ་སངས།

Title

༢༠༡༢།༠༣།༠༩ རེས་གཟའ་པ་སངས།

Description

  • པེ་ཅིང་དུ་གནས་སྡོད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱི་གཙོས་པའི་བོད་མི་ཁག་གཅིག་རང་ལུས་མེར་སྲེགས་མཚམས་འཇོག་ཡོང་བའི་འབོད་སྐུལ་ཞུས་གནང་འདུག་པ་དང་ས་རྟགས་བསྡུ་རུབ་ཀྱི་ཞུ་འབོད་གནང་བཞིན་འདུག
  • རེབ་གོང་དང་ནག་ཆུ་སོག་རྫོང་དུ་བོད་དོན་ཡིག་ཆ་གཏོར་བ་དང་དགེ་འདུན་པ་ཁག་གཅིག་ལ་དུས་བཀག་བཙོན་འཇུག་བྱས་པ་སོགས་བོད་ནང་གི་གནས་ཚུལ་ཁག་གཅིག
  • རྒྱལ་ཚོགས་ཀྱི་ཆེ་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་མཆོག་ནས་བོད་ནང་གི་ཛ་དྲག་གནས་སྟངས་ལ་ཐེ་གཏོགས་ཡོང་བའི་འབོད་སྐུལ་ཞུས་གནང་འདུག
  • རྡར་ཇི་ལིང་ཁུལ་གྱི་ནང་པའི་ཡུལ་མི་ཚོས་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་གནང་འདུག
  • རྒྱ་གར་ལྷོ་ཕྱོགས་གྲོང་འཁྱེར་མའི་སོར་ནས་སྦེང་ལོར་བར་བོད་སྐྱོབས་ཅེས་པའི་ལས་འགུལ་ཞིག་དབུ་འཛུག་གནང་ཡོད་འདུག
  • དབྱིན་ཡུལ་གྱི་གྲོང་འཁྱེར་སྤྱི་ཁྱབ་པས་བོད་ཀྱི་རྒྱལ་དར་སྒྲེངས་འཛུགས་གནང་བར་རྒྱ་ནག་གཞུང་ཚབ་ནས་སྐྱོན་བརྗོད་བྱས་འདུག
  • བོད་ནང་གློག་འཕྲིན་འཕྲུལ་ལས་སོགས་ཀྱི་བརྒྱུད་ལམ་ལ་སྤྱོད་ནས་འཛིན་བཟུང་དང་དམ་དྲག་སོགས་ཡོང་བཞིན་ཡོད་པའི་སྐོར་དང་དེ་འདྲ་ཡི་རང་དབང་ལ་སྤྱོད་པར་ཉིན་སྲུང་ཐབས་ལམ་སྐོར་ཆེ་སྒྲིག་ལེ་ཚན་ཞིག
  • དམིགས་བསལ་ལས་རིམ། བོད་ཀྱི་ཟློས་གར་ཚོགས་པའི་སྐོར་ལ་རྒན་བློ་བཟང་བསམ་གཏན་ལགས་ཀྱིས་འགྲེལ་བརྗོད་གནང་བ།

Contributor

རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་,ངག་དབང་ཐར་པ་ལགས།,ས་གནས་འགོ་འཛིན་ཚེ་དབང་བཀྲིས་ལགས།,སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས།,སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས།,བསྲན་འཛིན་ཆོས་སྒྲོན་ལགས།,རྒན་བློ་བཟང་བསམ་གཏན་ལགས་,

Date

09-03-12