༢༠༡༣།༠༡།༠༤ རེས་གཟའ་པ་སངས།

Title

༢༠༡༣།༠༡།༠༤ རེས་གཟའ་པ་སངས།

Description

  • རྒྱ་གར་བི་ཧར་མངའ་སྡེའི་བློན་ཆེན་མཆོག་གི་གནས་ལེན་ཞུས་པའི་ཐོག་༧གོང་ས་མཆོག་པཊ་ན་གྲོང་ཁྱེར་ནང་དུ་ཞབས་སོར་བདེ་བར་འཁོད་གནང་འདུག
  • བོད་མདོ་སྨད་མཚོ་ཤར་ཡ་རྫི་རྫོང་གིས་མདོ་དགོན་པའི་དགེ་འདུན་པ་གཉིས་འཛིན་བཟུང་བྱས་འདུག
  • རྒྱ་ནག་གཞུང་གིས་གསང་བའི་ངང་ནས་བོད་མི་གཞོན་སྐྱེས་ཞིག་བཙོན་འཇུག་བྱས་འདུག
  • བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་སློབ་གྲྭའི་དགེ་རྒན་ངོས་ནས་སློབ་ཕྲུག་ཚོར་མིའི་འདུ་ཤེས་འཛིན་དགོས་པའི་བཀའ་སློབ་ལམ་སྟོན་གནང་འདུག
  • བརྟན་ལྷིང་གི་མིང་ཐོག་ནས་རྒྱ་གཞུང་དང་ལྟ་ཕྱོགས་མི་མཐུན་མཁན་རྣམས་ཀྱི་ཐོག་ལ་ལྟ་སྲུང་ནན་པོ་བྱེད་ཀྱི་ཡོད་སྐོར་གསུངས་འདུག
  • འདི་ལོའི་ཇོ་ནང་པའི་སྨོན་ལམ་ཆེན་མོའི་ཉིན་བཞི་པའི་ཐོག་དཔལ་རྒྱལ་བ་ཀརྨ་རིན་པོ་ཆེ་མཆོག་དབུ་བཞུགས་གནང་འདུག
  • བལ་ཡུལ་ནང་བཙན་བྱོལ་བོད་མིའི་ཚོང་ལས་སྡེ་ཚོགས་ནས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་སོགས་ཀྱི་ཐོག་ལ་ཟབ་སྦྱོང་ཞིག་གོ་སྒྲིག་གནང་འདུག

Contributor

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག,བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག,བློན་ཆེན་ནི་དི་ཤེ་ཀུ་མར་མཆོག,བསྟན་འཛིན་ཚེ་དཔག,གྲྭ་སངས་རྒྱས།,དགེ་བཤེས་ཀུན་དགའ་མཚམས་བཅོད།,འགན་འཛིན་སྐལ་བཟང་།,དཔལ་རྒྱལ་བ་ཀརྨ་རིན་པོ་ཆེ་མཆོག,

Date

04-01-13