༢༠༡༢།༠༣།༡༦ རེས་གཟའ་པ་སངས།

Title

༢༠༡༢།༠༣།༡༦ རེས་གཟའ་པ་སངས།

Description

  • བོད་མདོ་སྨད་འབའ་རྫོང་ཤིང་ཁྲིད་དགོན་པའི་དགེ་འདུན་པ་ལྔ་བཅུ་འཛིན་བཟུང་དང་བོད་མི་བརྒྱ་ཁྲག་འདུ་འཛོམས་བྱུང་ནས་གློད་གྲོལ་གྱི་འབོད་སྐུལ་ཞུས་འདུག
  • བོད་མཚོ་སྔོན་རྐང་རྩའི་སློབ་འབྲིང་གི་སློབ་མས་རང་ས་རང་དབང་གི་དགོས་འདུན་བཏོན་ནས་རྒྱ་གཞུང་ལ་ཞི་རྒོལ་གནང་འདུག
  • རྒྱལ་སྤྱིའི་འགྲོ་བ་མིའི་ཐོང་ཐང་བལྟ་ཞིབ་ཚོགས་པས་བོད་ཀྱི་དགོན་སྡེ་ཁག་ལ་རྒྱ་གཞུང་གིས་ཐད་དཀར་འཛིན་སྐྱོང་བྱེད་བཞིན་པར་སྐྱོན་བརྗོད་གནང་འདུག
  • རྟའུ་རྫོང་དུ་བོད་མི་ཁོར་ཡུག་ལས་འགུལ་བ་བཞི་འཛིན་བཟུང་བྱས་འདུག
  • ལྕགས་ཡོས་བཙན་རྒོལ་ལེ་ལྕེ་ཞེས་པའི་ལོ་རྒྱུས་ཀྱི་ཕྱག་དེབ་ཞིག་བཀའ་ཁྲི་མཆོག་ནས་དབུ་བྱེད་གནང་སོང་
  • ཛ་དྲག་གི་གནས་སྟངས་ལ་གཞིགས་པའི་བོད་རང་བཙན་ལས་འགུལ་སྤེལ་ཕྱོགས་ཀྱི་ལྷན་ཚོགས་ཞིག་འཚོགས་འདུག
  • བཀའ་ཁྲི་མཆོག་ནས་བཀའ་སྤྱི་གཉིས་སྔར་ལྷག་ཕྱག་རུབ་མཉམ་དེགས་གནང་ཚེ་ ལས་དོན་དེ་ཡིས་ལས་དོན་སྔར་ལྷག་ས་བརྟན་གོང་འཕེལ་ཙམ་མ་ཟད་རྒྱ་ནག་གཞུང་ལའང་བརྡ་ལེན་ཆེན་པོ་ཞིག་སྤྲོད་ཀྱི་རེད་གསུངས་གནང་སོང་
  • བཀའ་བློན་ཁྲི་པ་མཆོག་གིས། རྒྱལ་ཚོགས་ཀྱི་དྲུང་ཆེ་མཆོག་ལ་བོད་ནང་དམིག་བསལ་སྐུ་ཚབ་ཆེད་གཏོང་གནང་རོགས་ཞེས་འབོད་སྐུལ་ཞུས་གནང་འདུག་
  • དམིགས་བསལ་ལས་རིམ། བཞུགས་སྒར་དུ་རྟེན་གཞིས་བྱས་པའི་བོད་ཀྱི་ཟློས་གར་ཚོགས་པའི་སྐོར་སྒྱུ་རྩལ་རྒན་བློ་བཟང་བསམ་གཏན་ལགས་ཀྱིས་ངོ་སྤྲོད་གནང་བ།

Contributor

སྐུ་ཞབས་ཆོས་གྲགས་ལགས།,འཇམ་དཔལ་སྨོན་ལམ་མཆོག,རང་ལུས་མེར་བསྲེགས་པ་བསོད་ནམས་རབ་གཡང་ལགས།,རྒན་བློ་བཟང་བསམ་གཏན་ལགས་,བཀའ་ཁྲི་བློ་བཟང་སེང་གེ་མཆོག,

Date

16-03-12