༢༠༡༣།༠༡།༠༡ རེས་གཟའ་ཕུར་བུ།

Title

༢༠༡༣།༠༡།༠༡ རེས་གཟའ་ཕུར་བུ།

Description

  • སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་ཆེན་པོའི་བཀའ་དབང་སྩལ་ནས་སྤྱོད་འཇུག་གི་ཆོས་འབྲེལ་མཇུག་སྒྲིལ་གནང་འདུག
  • བོད་ཀྱི་རྩོམ་པ་པོ་སྐུ་ཞབས་མགར་རྩེ་འཇིགས་མེད་ལགས་རྒྱ་ནག་གཞུང་གི་འཛིན་བཟུང་བཙོན་འཇུག་བྱས་འདུག
  • རྒྱ་གཞུང་ནས་བོད་མདོ་སྨད་རེབ་གོང་ཁུལ་དུ་ཕྱི་ཕྱོགས་ཀྱི་གསར་འགྱུར་ལྟ་ཉེན་མི་ཐུབ་པ་བཟོས་འདུག
  • ཕྱོགས་མཚུངས་ཡང་རྒྱ་ནག་གཞུང་ནས་རྒྱལ་ས་ལྷ་སར་ཡོད་པའི་ཨ་མདོ་མགྲོན་ཁང་༣༠་ཙམ་ལ་དཀའ་ངལ་ཆེན་པོ་བཟོས་བཞིན་པ་རེད་འདུག
  • བཀའ་སྤྱི་མཐུན་མོང་གི་སྣེ་ཁྲིད་པའི་མི་མང་འདུ་འཛོམས་ཀྱི་ལས་འགུལ་ལ་ཕྱོགས་ཡོངས་ནས་གྲ་སྒྲིག་ཨང་སར་གནང་བཞིན་འདུག
  • ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པ་སྐུ་ཞབས་ Bin Bhaddar མཆོག་ནས་འཛིན་སྐྱོང་གི་ཐུགས་འགན་དངོས་སུ་བཞེས་པར་བཀའ་སྤྱི་གཉིས་ནས་འཚམས་འདྲི་ཞུས་གནང་འདུག

Contributor

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག,སྐུ་ཞབས་ Bin Bhaddar མཆོག,གྲྭ་བློ་བཟང་།,སྐུ་ཞབས་མགར་རྩེ་འཇིགས་མེད།,ཕུན་ཚོགས།,ཟླ་བ།,མཁན་པོ་བསོད་ནམས་བསྟན་འཕེལ།,

Date

10-01-13