༢༠༡༢།༠༣།༢༢ རེས་གཟའ་ཕུར་བུ།

Title

༢༠༡༢།༠༣།༢༢ རེས་གཟའ་ཕུར་བུ།

Description

  • གྲོས་ཚོགས་ནང་མང་མོས་འོས་བསྡུ་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་མཚན་བྱང་རང་སོར་བཞག་རྒྱུའི་གཏན་འབེབས་གནང་སོང་
  • ཁམས་བྲག་མགོ་དང་གསེར་རྟ་བཅས་ཀྱི་བོད་མི་བཅུ་གཅིག་ལ་དུས་ཡུན་ལོ་བཅུ་གསུམ་རིང་བཙོན་འཇུག་ཁྲིམས་ཆད་བཏང་འདུག
  • ༸གོང་ས་མཆོག་ལ་ཐེ་ཝན་ནང་ཆིབས་བསྒྱུར་ཡོང་བའི་ཡོངས་ཁྱབ་སྙན་ཞུ་ཞིག་འབུལ་འདུག
  • དབྱིན་ཡུལ་གཞུང་གི་བལ་ཡུལ་བོད་མིའི་ཐོབ་ཐང་ཁག་སྲུང་སྐྱོབས་དགོས་པའི་རྒྱལ་ཚོགས་ཀྱི་ཚོགས་འདུའི་ནང་དུ་དགོས་འདུན་བཏོན་འདུག
  • ཟས་བཅད་ལས་འགུལ་བ་རྡོ་རྗེ་རྒྱལ་པོ་ལགས་ཀྱིས་སྨན་ཁང་ནང་ཟས་བཅད་གནང་སྟེ་ཨེམ་རྗི་རྣམས་ལ་རྒྱལ་ཚོགས་སུ་ཞུ་སྙན་ཕུལ་དགོས་པའི་སྐུལ་མ་གནང་འདུག
  • རྒྱ་གར་ལྷོ་ཕྱོགས་ཁུལ་དུ་བོད་མི་རྣམས་ཀྱིས་བོད་བསྟན་སྲིད་མི་རིགས་ཆེད་མཆོད་འབུལ་གནང་འདུག
  • འཕྲོད་བསྟེན་ལས་རིམ་ནང་ཁྲག་ཤེད་ནད་གཞིའི་སྐོར།

Contributor

པདྨ་འཕྲིན་ལས་ལགས།,ཟས་བཅད་ལས་འགུལ་བ་རྡོ་རྗེ་རྒྱལ་པོ་ལགས་,སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག,སྨན་པ་དཀོན་མཆོག་རྡོ་རྗེ་ལགས།,སུད་སི་སྐུ་ཚབ་ནས་བསྟན་འཛིན་བསམ་འཕེལ་ལགས།,ཚོགས་གཙོ་ཚེ་དབང་རིག་འཛིན་ལགས།,སྦེལ་ཀོབ་ནས་བསྟན་འཛིན་དཔལ་འབྱོར་ལགས་,

Date

22-03-12