༢༠༡༢།༠༣།༢༦ རེས་གཟའ་ཟླ་བ།

Title

༢༠༡༢།༠༣།༢༦ རེས་གཟའ་ཟླ་བ།

Description

  • རྒྱ་གར་རྒྱལ་ས་ལྡི་ལིར་བོད་མི་གཞོན་སྐྱེས་ཞིག་གིས་རང་ལུས་མེར་བསྲེགས་བཏང་འདུག
  • རྒྱ་གཞུང་གི་༸གོང་ས་མཆོག་ལ་བོད་ནང་གི་གནས་སྟངས་ཐད་ཉེས་འཛུགས་བྱས་པ་དེར་བོད་མིའི་སྒྲིག་འཛུགས་ཀྱིས་མཐའ་གཅིག་ཏུ་འགག་པ་སྐྱོན་གནང་སོང།
  • འབོ་ར་དགོན་པའི་དགེ་འདུན་པ་བཞི་འཛིན་བཟུང་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་འགྱུར་འདུག
  • འབའ་རྫོང་དུ་གས་རྫས་འོག་རྨས་སྐྱོན་ཕོགས་པའི་བོད་མི་རྣམས་ཉེན་རྟོག་པས་གང་བྱུང་འཛིན་བཟུང་བྱེད་བཞིན་འདུག
  • ཨི་ཊ་ལིའི་རྒྱས་ས་རོམ་ནང་དུ་བོད་མིས་ཟས་བཅད་ལས་འགུལ་དང་ཁུལ་དེའི་གྲོང་ཁྱེར་ཆེ་གྲས་ནང་གི་ཡུལ་མི་ཚོས་བོད་དོན་རྒྱབ་སྐྱོར་གྱིས་ལས་འགུལ་གནང་བཞིན་འདུག
  • ནང་སྲིད་བཀའ་བློན་མཆོག་རྒྱ་གར་བྱང་ཤར་ཁུལ་དུ་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ནང་དབུ་ཞུགས་གནང་འདུག
  • འཕྲོད་བསྟེན་བཀའ་བློན་བོད་མིའི་སྤྱི་ཚོགས་ཁྲོད་གློ་ནས་ TB རྩ་མེད་བཟོས་རྒྱུར་གཞོན་སྐྱེས་རྣམས་ནས་དོ་འཁུར་གླང་དགོས་སྐོར་གསུངས་སོང།

Contributor

རང་ལུས་མེར་བསྲེགས་པ་འཇམ་དཔལ་ཡེ་ཤེས་ལགས།,ཕྱི་དྲིལ་དྲུང་ཆེ་བཀྲིས་ལགས།,ཚོགས་གཙོ་སྐལ་བཟང་སྒྲོལ་དཀར་ལགས།,ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག,འབྲེལ་མཐུད་པ་བསྟན་ནོར་བུ་ལགས།,འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཅོག,

Date

26-03-12