༢༠༡༣།༠༡།༢༩ རེས་གཟའ་མིག་དམར།

Title

༢༠༡༣།༠༡།༢༩ རེས་གཟའ་མིག་དམར།

Description

  • བོད་ཀྱི་གདན་ས་གསུམ་གྱི་མཁན་པོ་དབུ་འཛུགས་ལ་སོགས་པའི་དགེ་བཤེས་སྐོར་ཞིག་རྒྱ་གཞུང་གིས་མགོ་སྐོར་བཙན་འཁྲིད་བྱས་ཏེ་གདན་སའི་གྲྭ་མང་གི་སློབ་གཉེར་ལ་འཐུས་ཤོར་ཆེན་པོ་འགྲོ་བཞིན་འདུག
  • བོད་མིའི་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཆེད་རྒྱ་གར་གྱི་ལྡི་ལི་བོད་མི་དང་རྒྱ་གར་བ་སྟོང་ཕྲག་མང་པོས་ལྷན་འཛོམས་གནང་གི་འདུག
  • རྒྱ་གཞུང་གིས་རྒྱལ་མོ་རྔུལ་ཆུའི་སྟེང་དུ་ཆུ་རག་གསར་བཟོ་བྱ་རྒྱུའི་གྲོས་ཐག་བྱུང་བ་དེ་བོད་རིགས་མི་མང་ལ་ཁེ་ཕན་གང་ཡང་བྱུང་གི་མེད་སྐོར་གསུངས་སོང་།
  • རྒྱ་གར་ལྷོ་ཕྱོགས་བོད་མི་རྣམས་ལ་ལས་ཀའི་གོ་སྐབས་ཕུལ་ཆེད་བོད་པའི་ BPO འཛུགས་རྒྱུའི་སྔོན་འགྲོའི་ལས་གཞི་སྤེལ་མུས་རེད་འདུག
  • བོད་ནང་གི་གསང་བ་ཞེས་པའི་རྒྱ་གཞུང་གི་དྲིལ་བསྒྲགས་གློག་བརྙན་དེར་བོད་རིགས་ཙམ་མ་ཡིན་པར་རྒྱ་རིགས་རྣམས་ནས་ཀྱང་སྐྱོན་བརྗོད་བྱས་བཞིན་འདུག
  • པེ་ཅིང་གཞུང་གི་ལོ་ན་ཆུང་བའི་ར་སྒྲེང་སྤྲུལ་སྐུ་བོད་རང་ལྗོངས་ཟེར་བའི་གྲོས་ཚོགས་འཐུས་མིར་བསྐོ་བཞག་བྱས་འདུག
  • དམིགས་བསལ་ལས་རིམ། བོད་ཀྱི་གནའ་རབས་དང་དེང་དུས་གླུ་གཞས་ཀྱི་ལས་རིམ་འདིའི་ནང་བོད་ཀྱི་གླུ་མོ་མཚོ་ལགས་ཀྱིས་བཏང་གནང་བའི་སེམས་ཁོངས་ཀྱི་རེ་འབོད།

Contributor

ར་སྒྲེང་སྤྲུལ་སྐུ་བསོད་ནམས་ཕུན་ཚོགས།,བསོད་ནམས།,བསྟན་འཛིན་ལེགས་བཤད།,གཞས་མ་གླུ་མོ་མཚོ།,བཀའ་བློན་རྒྱ་རི་སྒྲོལ་མ།,འགན་འཛིན་བསྟན་འཛིན་ནོར་བུ།,

Date

29-01-13