༢༠༡༣།༠༢།༠༥ རེས་གཟའ་མིག་དམར།

Title

༢༠༡༣།༠༢།༠༥ རེས་གཟའ་མིག་དམར།

Description

  • བོད་མདོ་སྨད་བྱ་ཁྱུང་དགོན་པའི་ནང་བོད་མིའི་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་ལ་ངོ་རྒོལ་གྱི་སློབ་གསོ་སྤྲད་བཞིན་པ་རེད་འདུག
  • Baroda གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་ཉིན་མོ་སྲུང་རྩི་དང་སྦྲགས་བོད་དོན་བགྲོ་གླེང་ལས་རིམ་ཚོགས་གནང་འདུག
  • སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེའི་ནང་དུ་སྟོན་པ་སྐུ་འདྲ་སོགས་རབ་གནས་དབུ་འབྱེད་ཀྱི་མཛད་འཆར་ཁག་ཅིག་བསྐྱང་གནང་འདུག
  • ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ནས་རྒྱལ་ས་DC ནང་དུ་གནས་སྤོ་གཏན་འཁེལ་འདུག
  • ད་སྐབས་རྒྱ་གཞུང་གི་བརྙན་འཕྲིན་ཐོག་སྟོན་བཞིན་པའི་བོད་ནང་དུ་གསང་བ་ཞེས་པའི་གློག་བརྙན་ལ་གླུ་གཞས་ཀྱི་བརྒྱུད་ལམ་ཐོག་ནས་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག
  • ཉིན་གྲངས་བཞིའི་བོད་མིའི་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་རྗེས་སྤྱི་འཐུས་རྣམ་པས་ཚོགས་འདུ་ཚོགས་གནང་འདུག
  • དགུ་གཏོར་སྐོར་ངོ་སྤྲོད་གནང་བ་བྱམས་པ་བསྟན་འཛིན་ལགས་ནས།
  • རྡོ་རྗེ་ལྡན་གྱི་གནས་ཆེན་ཁག་དམ་ཆོས་དཔལ་བཟང་ལགས་ཀྱིས་ངོ་སྤྲོད་གནང་བ།

Contributor

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག,ཐུབ་བསྟན་རིག་འཛིན།,བློ་བཟང་སྙན་གྲགས།,བྱམས་པ་བསྟན་འཛིན།,དམ་ཆོས་དཔལ་བཟང་།,

Date

05-02-13