༢༠༡༢།༠༤།༡༧ རེས་གཟའ་མིག་དམར།

Title

༢༠༡༢།༠༤།༡༧ རེས་གཟའ་མིག་དམར།

Description

  • བོད་ཨ་མདོ་རྔ་པ་ཁུལ་གྱི་བོད་མི་མང་དག་ཅིག་ལ་བཙོན་འཇུག་དང་འཛིན་བཟུང་བཀག་ཉར་བྱས་འདུག
  • ༸གོང་ས་མཆོག་གིས་རྒྱ་ནག་གཞུང་ནས་གང་ཉིད་ལ་ཉེན་ཁར་རྩིས་པ་དེ་ཞི་བདེ་སྤེལ་བར་རྟེན་ནས་ཡིན་ནམ་ཞེས་དྲི་བ་ཞིག་བཏང་གནང་འདུག
  • བོད་ཁམས་སྒ་སྐྱེ་རྒུ་འདོའི་ས་ཁུལ་ལྟེ་བ་རྣམས་རྒྱ་གཞུང་གིས་བཙན་འཕྲོག་བྱས་ནས་ཡུལ་མིའི་འཚོ་ཐབས་ལ་དཀའ་ངལ་འཕྲད་བཞིན་འདུག
  • ༸དཔལ་རྒྱལ་ཀརྨ་པ་རིན་པོ་ཆེ་མཆོག་གིས་བོད་ཡིག་ཐོག་རྩོམ་རིགས་སྤེལ་བའི་སྐབས་སྤྱི་ཚོགས་ནང་བརྡབ་གསིག་མ་ཤོར་བ་བྱ་རྒྱུ་གལ་ཆེ་ཡིན་སྐོར་བཀའ་གནང་འདུག
  • བོད་དོན་སྦག་སྦག་སྐོར་བསྐྱོད་པ་རྣམས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་གྲོངས་ཁུལ་དུ་འབྱོར་འདུག
  • བེུད་རྒྱུན་ལས་གསར་འདེམས།

Contributor

༸དཔལ་རྒྱལ་ཀརྨ་པ་རིན་པོ་ཆེ་མཆོག་,སྐུ་ཞབས་ཚེ་རིང་ལགས།,འབྲལ་འཐུད་པ་བླ་མ་བསྟན་འཛིན་དོན་ལྡན་ལགས།,སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག,ཟླ་སྒྲོན་ཤར་གླིང་ལགས།

Date

17-04-12