༢༠༡༢།༠༥།༠༢ རེས་གཟའ་ལྷག་པ།

Title

༢༠༡༢།༠༥།༠༢ རེས་གཟའ་ལྷག་པ།

Description

  •  ༸གོང་ས་མཆོག་གིས་རྒྱ་ནག་སྐམ་ས་གཙོ་བོར་འགྱུར་བའི་རྒྱ་རིགས་བརྒྱ་ཕྲག་ཁ་ཤས་ལ་ཉིན་གསུམ་རིང་གི་ཆོས་འབྲེལ་བསྐྱངས་གནང་རྒྱུ་རེད་འདུག 
  • ཧི་མ་ལཱ་ཡའི་ཁྱིམ་ཚང་ཚོགས་པས་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱིས་ཚོགས་འདུའི་ཐོག་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ཆིབས་བསྒྱུར་བསྐྱངས་གནང་སོང་། 
  • བོད་མིའི་འཚོ་རྟེན་གྱི་ས་ཆ་བཙན་འཕྲོག་བྱེད་བཞིན་པའི་ཐོག་རྒྱ་མི་འབོར་ཆེན་གནས་སྤོས་བྱ་རྒྱུ་རེད་འདུག
  • རྒྱལ་སྤྱིའི་གསར་འགོད་པ་སྲུང་སྐྱོབ་ལྷན་ཚོགས་ངོས་ནས་རྒྱ་གཞུང་གིས་བརྒྱུད་ལམ་ཁག་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་གནང་འདུག
  • བཀའ་བློན་ཁྲི་པ་མཆོག་གིས་བོད་མི་རྣམས་ཀྱི་མཉམ་རུབ་ཐོག༸གོང་ས་མཆོག་བོད་ལ་ཕྱིར་ཕེབས་མཛད་ཐུབ་པ་གནང་དགོས་ཀྱི་རེད་གསུངས་འདུག 
  • ཚོར་ཤེས་དབང་པོའི་བྱེད་ལས་འབྲེལ་གསུམ་ཐོག་ནང་ཆོས་དང་ཚན་རིག་རིག་མཐུན་གྱི་འགྲེམས་སྟོན་ཚོགས་བཞིན་འདུག 
  • ༸གོང་ས་མཆོག་གི་ཨ་རི་དང་ཁེ་ཎ་ཊའི་མཛད་འཆར་སྤྱི་ཡོངས་ཐད་ལ་བཅར་འདྲི་ཞུས་པའི་ལས་རིམ།

Contributor

༸གོང་ས་ཆེན་པོ་མཆོག,དཔལ་རྒྱལ་བ་ཀརྨ་པ་ཆེན་པོ་མཆོག,རྔ་པ་ཚེ་སྐྱམས་ལགས།,

Date

02-05-12