༢༠༡༣།༠༣།༠༤ རེས་གཟའ་ཟླ་བ།

Title

༢༠༡༣།༠༣།༠༤ རེས་གཟའ་ཟླ་བ།

Description

  • རྒྱལ་གཅེས་པ་རྡོ་རྗེ་ལྷུན་གྲུབ་ལགས་ཀྱི་ཨ་ཞང་ལགས་ལོ་༡དང་ཟླ་བ་༣གྱི་ཁྲིམ་ཐག་བཅད་འདུག
  • པདྨ་འཕྲིན་ལས་ཀྱི་བོད་རང་ལྗོངས་ནས་རང་བསྲེགས་ཀྱི་གནས་ཚུལ་ཅིག་ཀྱང་བྱུང་མེད་ཟེར་བ་དེ་ནས་བོད་ཀྱི་གནད་དོན་ཐོག་རྒྱ་གཞུང་གི་ཧམ་བཤད་དང་རྫུན་གཏམ་གང་ཙམ་བཤད་ཀྱི་ཡོད་པ་གསལ་སྟོན་བྱེེད་ཀྱི་ཡོད་སྐོར་གསུངས་སོང།
  • ཀི་རྟི་རིན་པོ་ཆེ་མཆོག་གིས་རང་ལུས་མེར་བསྲེགས་ལ་བརྟེན་ནས་ལོ་རྒྱུས་ཐོག་སྔར་མེད་པའི་རྡོག་རྩ་ཆིག་སྒྲིལ་ཆགས་ཡོད་སྐོར་བཀའ་གནང་འདུག
  • བོད་ནང་བསྐྱོད་པའི་ཧྥ་རན་སིའི་གསར་འགོད་པ་ཞིག་ནས་བོད་མིའི་རང་བསྲེགས་བཏང་དགོས་པའི་རྐྱེན་ནི་བོད་ནང་གི་བོད་མི་ཚོ་འུ་ཐུག་གི་གནས་སྟངས་སྐོར་ཞིབ་ཕྲ་འཁོད་འདུག
  • འཕྲོད་བསྟེན་ལས་ཁུངས་ནས་ས་གནས་སྨན་ཁང་གི་སྨན་ཞབས་རྣམ་པར་གློ་ནད་ཀྱི་གྲངས་ཐོ་ཕྱོགས་སྒྲིག་སྦྱོང་བརྡར་གི་ཟབ་སྦྱོང་ཕུལ་སོང།
  • གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ནས་ཞི་བའི་འཐབ་རྩོད་ཀྱི་གོམ་བགྲོད་ཐེངས་གཉིས་པའི་ཐོག་རྒྱ་གཞུང་གི་རྒྱལ་དར་ཕྱར་རྒྱུའི་ཐད་ལ་བསམ་བློ་ནན་ཏན་གཏོང་རྒྱུ་ཡོད་སྐོར་གསུངས་འདུག
  • སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ནས་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཆིབས་བསྒྱུར་བསྐྱངས་གནང་སོང།

Contributor

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག,ཀི་རྟི་རིན་པོ་ཆེ་མཆོག,དཔའ་བོ་རྡོ་རྗེ་ལྷུན་གྲུབ།,པདྨ་འཕྲིན་ལས།,གླིང་ཚ་ཚེ་བརྟན་རྡོ་རྗེ།,འབའ་བ་སྐལ་བཟང་རྒྱལ་མཚན།,སྲིད་སྐྱོང་བློ་བཟང་སེང་གེ།,འགན་འཛིན་མིག་དམར་བཀྲ་ཤིས།,

Date

04-03-13