༢༠༡༣།༠༣།༠༦ རེས་གཟའ་ལྷག་པ།

Title

༢༠༡༣།༠༣།༠༦ རེས་གཟའ་ལྷག་པ།

Description

  • སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་Tumkurགཙུགས་ལགས་སློབ་གཉེར་ཁང་དུ་ཞབས་གསོར་འཁོད་པ་དང་ཆབས་ཅིག་སློབ་གཉེར་ཁང་འདི་གའི་དགེ་ལས་སློབ་མ་རྣམས་ལ་བཀའ་སློབ་སྩལ་གནང་འདུག
  • དབྱིན་ཡུལ་གྱི་གྲོང་ཁྱེར་Northamptonནང་དུ་བོད་ཀྱི་རྒྱལ་དར་ཐེངས་༡༤པ་སྒྲེངས་བཙུགས་གནང་་འདུག
  • སུམ་བཅུའི་དུས་དྲན་ཉིན་དེར་རྒྱལ་གཅེས་དཔའ་བོ་དང་དཔའ་མོར་རྗེས་དྲན་གྱི་ཉིན་མོ་ཡང་སྲུང་རྩིས་ཞུ་རྒྱུའི་ཐག་གཅོད་གནང་འདུག
  • རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་ཚོགས་བཞིན་པའི་དང་བསྟུན་ཡོ་རོབ་བོད་རིགས་ཚོགས་པའི་མཐུན་ཚོགས་ནས་ཞི་ཅིང་ཕིན་ལ་དོན་ཚན་ལྔ་ཅན་གྱི་ཞུ་ཡིག་ཅིག་ཕུལ་འདུག
  • རྒྱལ་གཅེས་པ་ཚེ་སྲུང་སྐྱབས་ལགས་དང་བསང་བདག་ལགས་གཉིས་གཙོ་བོར་འགྱུར་བའི་བོད་མི་བློས་གཏོང་བ་ཡོངས་ཀྱི་ཆེད་མཆོད་འབུལ་སྨོན་ལམ།
  • སྲིད་སྐྱོང་བློ་བཟང་སེང་གེ་ནས་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་དགའ་བསུའི་འཚམས་འདྲི་གནང་འདུག
  • དད་ལྡན་པ་ས་ཡ་༡༠༠ལྷག་འདུ་འཛོམས་གནང་བའི་Kumbདུས་ཆེན་སྐབས་བོད་དོན་དྲིལ་བསྒྲགས་གནང་འདུག
  • བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་མཆོག་ནས་བོད་ཀྱི་སྐད་ཡིག་དེ་དེང་དུས་ཀྱི་འཕྲུལ་ལས་དང་གནས་ཚད་མཉམ་པའི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་བྱ་དགོས་གལ་གསུངས་འདུག
  • ཕྱོགས་མཚུངས་ཡང་བོད་རང་བཙན་སློབ་ཕྲུག་ཚོགས་པས་བལ་ཡུལ་གཞུང་ལ་བོད་མི་གྲུབ་ཆེན་ཚེ་རིང་ལགས་ཀྱི་སྐུ་ཕུང་རྩིས་སྤྲོད་དགོས་པའི་དགོས་འདུན་སྟོན་འདུག

Contributor

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག,རྩོམ་པ་པོ་ཚེ་རིང་འོད་ཟེར།,སྲིད་སྐྱོང་བློ་བཟང་སེང་གེ།,དཔའ་བོ་ཚེ་སྲུང་སྐྱབས།,དཔའ་བོ་བསང་བདག,དཔའ་བོ་གྲུབ་ཆེན་ཚེ་རིང་།,ཐུབ་བསྟན་བསམ་གྲུབ།,རྡོ་རྗེ་ཚེ་བརྟན།,

Date

06-03-13