༢༠༡༣།༠༣།༡༡ རེས་གཟའ་ཟླ་བ།

Title

༢༠༡༣།༠༣།༡༡ རེས་གཟའ་ཟླ་བ།

Description

  • ལྷ་སའི་གདན་ས་ཁག་གི་ནང་དུ་ལག་ཁྱེར་ཁ་པར་ཐོག་ཞིབ་བཤེར་གྱི་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་རེད།
  • ཁ་ས་སུམ་བཅུའི་དུས་དྲན་སྐབས་བལ་ཡུལ་ནང་ས་གནས་བོད་ཀྱི་གཞོན་ནུའི་རྒྱུན་ལས་དང་གཞོན་སྐྱེས་བོད་མི་ཁག་ཅིག་ནས་འཛིན་བཟུང་བྱས་པ།
  • Belgiumགྱི་རྒྱལ་ས་Brusselsགཙོ་བོར་འགྱུར་བའི་རྒྱལ་སྤྱིའི་ཁྱོན་ཡོངས་སུ་བོད་མིའི་རང་དབང་སྒེར་གྱི་ཉིན་མོ་སྲུང་རྩི་ཞུས་འདུག
  • ཨ་རིའི་རྒྱལ་ས་DCནས་NYབར་བོད་རང་བཙན་གོམ་བགྲོད་ཀྱི་ལས་འགུལ་སྤེལ་འདུག
  • རྒྱ་གར་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ཆེས་གྲས་ཞིག་ནས་བོད་ནང་རང་ལུས་མེར་བསྲེགས་མཚམས་འཇོག་བྱེད་རྒྱུའི་འབོད་སྐུལ་ཞུས་འདུག
  • རྒྱ་གར་ལྷོ་ཕྱོགས་ཁུལ་དུ་བོད་མི་གཞོན་སྐྱེས་ཁག་ཅིག་ནས་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བ།
  • དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་གི་ཐེ་ལྦན་གྲོས་ཚོགས་འཐུས་མི་ཁག་ཅིག་དང་ལྷན་དུ་བོད་ཀྱི་གནད་དོན་སྐོར་ལ་གླེང་སློང་གནང་འདུག

Identifier

སྒྲ་མི་འདུག

Contributor

དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ།,

Date

11-03-13