༢༠༡༣།༠༣།༡༥ རེས་གཟའ་པ་སངས།

Title

༢༠༡༣།༠༣།༡༥ རེས་གཟའ་པ་སངས།

Description

  • ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཁག་ཅིག་གི་རྒྱ་གཞུང་གི་གསུམ་པའི་བཅུ་བཞི་ནང་གི་བོད་མིའི་སྒེར་ལངས་ལ་དྲག་གནོན་བྱས་པར་དྲན་གསོ་ཞུས་སོང་།
  • སོག་རྫོང་དུ་ཁ་པར་བརྒྱུད་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པར་བོད་མི་ཞིག་འཛིན་བཟུང་བྱས་འདུག
  • རྒྱ་གར་བྱང་ཤར་བོད་མི་རྣམས་ཀྱི་ཁུལ་དེ་གའི་གཞུང་མང་ཁྲོད་ལ་བོད་དོན་ཞུ་འབོད་ཀྱི་ལས་འགུལ་རྒྱ་སྤེལ་འདུག
  • བོད་དོན་གོམ་བགྲོད་པས་ཞི་བའི་ཐབས་ལམ་མི་མང་ལ་མིག་སྟོན་བྱ་རྒྱུ་ཡིན་སྐོར་གསུངས་འདུག
  • ཡོ་རོབ་གྲོས་ཚོགས་ཀྱི་ངོས་ནས་རྒྱ་ནག་ནང་ཆབ་སྲིད་རང་དབང་གི་བཅོས་བསྒྱུར་ཡོང་ཐབས་སུ་ཡོ་རོབ་མཐུན་ཚོགས་དང་རྒྱ་ནང་དབར་གོ་བསྡུར་མཉམ་ལས་གནང་དགོས་པའི་གྲོས་ཆོད་གཏན་འབེབས་བྱས་འདུག
  • བོད་མིའི་སྒྲིག་འཛུགས་ནས་ཡི་ཤུའི་བླ་ཆེན་གསར་པ་མཆོག་ལ་དགའ་བསུའི་མཚམས་འདྲི་ཞུས་འདུག
  • རྒྱ་ནག་གི་འགོ་ཁྲིད་གསར་པ་དངོས་སུ་གཞུང་འབྲེལ་གྱིས་འོས་འདེབས་ཐོན་པ་སོགས་ཀྱི་གསལ་བསྒྲགས་བྱས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་མུ་མཐུད་ནས་སྐྱོན་བརྗོད་བྱས་འདུག
  • དམིགས་གསལ་ལས་རིམ།  བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་གི་འགན་འཛིན་སྐར་མ་ལེགས་བཤད་ལགས་ཀྱི་ཚོགས་པ་དེའི་ངོ་བོ་དང་དམིགས་ཡུལ་ངོ་སྤྲོད་གནང་བ།

Identifier

སྒྲ་མི་འདུག

Contributor

འགན་འཛིན་སྐར་མ་ལེགས་བཤད།,

Date

15-03-13