Title
༢༠༡༣།༠༣།༣༠ རེས་གཟའ་སྤེན་པ།
Description
- རྒྱལ་གཅེས་པ་གྲྭ་དཀོན་མཆོག་བསྟན་འཛིན་ལགས་དམ་པ་དེ་ཉིད་ཀྱིས་བློས་གཏོང་ལ་གདུང་སེམས་མཉམ་བསྐྱེད་ཞུ་ཆེད་བཞུགས་སྒར་ནས་མར་མེ་ཁྲོམ་སྐོར་གནང་སོང་།
- སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་དང་བྱང་ཤར་མངའ་སྡེ་གཉིས་ཀྱི་ནང་དུ་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་དེ་རིང་བཞུགས་སྒར་དུ་ཞབས་གསོར་བདེ་བར་འཁོད་འདུག
- མལ་གྲོ་གོང་དཀར་ཁུལ་གྱི་ས་ཉིལ་དོན་རྐྱེན་དེ་བཞིན་རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་གི་གནས་སྟངས་དོ་སྣང་མ་བྱས་པ་དང་ས་གནས་བོད་མིའི་སྔོན་བརྡ་ལ་བརྩི་བཀུར་མ་བྱས་པའི་རྐྱེན་གྱི་ཡིན་སྐོར་གསུངས་འདུག
- ཨ་རིའི་ནང་གི་བོད་རང་བཙན་ཆེད་ཀྱི་གོམ་བགྲོད་དེ་བཞིན་དེ་རིང་རྒྱ་ནག་གཞུང་ཚབ་ཀྱི་མདུན་དུ་མཇུག་སྒྲིལ་གནང་གི་འདུག་པ་དང་གླིང་ཚ་ཚེ་རྟེན་རྡོར་རྗེ་ལགས་རྒྱལ་ས་ལྡི་ལིའི་ཉེ་འཁྲིས་KushGahrས་ཁུལ་དུ་འབྱོར་འདུག
- འདི་ལོའི་སྐུའི་འཁྲུང་སྐར་ཉིན་རྒྱ་གར་ལྷོ་ཕྱོགས་སེར་བྱེས་གྲྭ་ཚང་དུ་ཆིབས་བསྒྱུར་དང་མཛད་འཆར་བསྐྱངས་གནང་རྒྱུའི་སྐོར།
- དམིགས་བསལ་ལས་རིམ། བཞུགས་སྒར་དུ་མགོན་པོ་གང་ཉིད་ནས་ཆོ་འཕྲུལ་སྨོན་ལམ་སྐབས་ལམ་རིམ་སྐྱེས་རབ་སྐོར་ལ་སྩལ་བའི་བཀའ་ཆོས།
Contributor
སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག,རྒྱལ་གཅེས་པ་གྲྭ་དཀོན་མཆོག་བསྟན་འཛིན།,གླིང་ཚ་ཚེ་རྟེན་རྡོ་རྗེ།,བསྟན་པ་རྒྱལ་མཚན།,བསྟན་འཛིན་ནོར་བཟང་།,ཚོགས་གཙོ་དཀོན་མཆོག་བཀྲ་ཤིས།,དགེ་བཤེས་ཐུབ་བསྟན་སྨོན་ལམ།,མཁན་པོ་བྱམས་པ་སྐལ་བཟང་།,
Date
30-03-13