༢༠༡༣།༠༤།༠༤ རེས་གཟའ་ཕུར་བུ།

Title

༢༠༡༣།༠༤།༠༤ རེས་གཟའ་ཕུར་བུ།

Description

  • སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་NazamiGanjaviརྒྱལ་སྤྱིིའི་བསྟི་གནས་ཁང་གི་འགྲོ་བ་མིའི་སྤྱི་ཕན་གྱི་ལས་དོན་བསྔགས་བརྗོད་ཀྱི་ཕྱག་འཕྲིན་སྩལ་གནང་འདུག
  • བྱང་ཨ་རིའི་དང་ཡུ་རོབ་རྒྱལ་ཁབ་ཁག་གི་བོད་མི་གནད་སྡོད་གང་སར་རྒྱལ་གཅེས་པ་གྲུབ་ཆེན་ཚེ་རིང་ལགས་ཀྱི་ཞག་ཞི་དགུ་ཚོགས་མཆོད་སྨོན་ལམ་སོགས་ཀྱི་ལས་འགུལ་འདྲ་མིན་སྤེལ་གནང་འདུག
  • ལྷོ་ཨ་ཕི་རི་ཀའི་ཡི་ཤུ་ཆོས་དཔོནDesmondTotuམཆོག་ལ་འདི་ལོའི་༢༠༡༣Templeton་གཟེངས་རྟགས་ཐོབ་འདུག
  • ཨ་རིའི་ཕྱི་སྲིད་བློན་ཆེན་མཆོག་ལ་རྒྱ་ནག་དང་ལྷན་བོད་དོན་གླེང་དགོས་པའི་འབོད་སྐུལ་ཞུས་འདུག
  • སྐུ་ཞབས་Robertfordལགས་ཀྱི་དགུང་༩༠འི་སྐྱེད་སྐར་དང་བསྟུན་བོད་མིའི་སྒྲིག་འཛུགས་ངོས་ནས་སྐུ་ཞབས་ཁོང་ལ་དེ་སྔ་བོད་ནང་གི་ལས་དུས་མཐའ་མའི་གསོལ་ཕོག་ཆེ་བསྐྱོད་ཕུལ་གནང་འདུག
  • རང་གཞུང་ཤེས་རིག་ལས་ཁུངས་ཀྱི་སྐུ་འཚབ་ནས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་མཐོ་སློབ་ཁག་ནང་སྐོར་བསྐྱོད་ཀྱི་གཟིགས་སྐོར་གནང་བཞིན་འདུག
  • བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་རྣམས་སྤྱི་སྲོལ་ལྟར་རེ་གཟའ་སྤེན་པ་ཉིན་ལས་གསེང་བྱ་རྒྱུ་འཁོད་འདུག
  • རྒྱལ་ཚོགས་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་གི་སྙན་ཐོ་འདོན་སྤེལ་གནང་རྒྱུའི་བརྒྱུད་རིམ་ནང་རྒྱ་ནག་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ནང་ཆ་ཤས་ལན་གཅུག་དགོས་པའི་རེ་འབོད་གནང་མཁན་རྒྱ་རིག་ལས་འགུལ་བ་རྣམས་ལ་རྒྱ་གཞུང་གི་བཙོན་འཇུག་དང་དམ་གནོན་བྱེད་བཞིན་པ་མཚམས་འཇོག་དགོས་པའི་རེ་འདུན་བསྟོན་གནང་འདུག

Contributor

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག,ཡི་ཤུ་ཆོས་དཔོན་DesmondTotuམཆོག,རྒྱལ་གཅེས་པ་གྲུབ་ཆེན་ཚེ་རིང་།,རྡོ་རྗེ་ཚེ་བརྟན།,བློན་ཆེན་ཇོན་ཁེ་རིའི་མཆོག,སྐུ་ཞབས Robertford,ཐུབ་བསྟན་བསམ་གྲུབ།,རྒན་ཚེ་ལྷ།,

Date

04-04-13