༢༠༡༣།༠༤།༡༠ རེས་གཟའ་ལྷག་པ།

Title

༢༠༡༣།༠༤།༡༠ རེས་གཟའ་ལྷག་པ།

Description

  • སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་Italyནང་གི་མཛད་འཆར་དབུ་འཛུགས་གནང་འདུག
  • ཁེ་ན་ཌའི་ཆབ་སྲིད་ཚོགས་པ་རིས་མེད་ཀྱི་གྲོས་ཚོགས་འཐུས་མི་གསུམ་ནས་སྲིད་བློན་Haperམཆོག་ལ་བོད་ཀྱི་གནད་དོན་ཐོག་གླེང་སློང་དགོས་པའི་ཞུ་སྙན་ཕུལ་གནང་འདུག
  • Australiaའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་BobCarrམཆོག་ནས་བོད་ཀྱི་གནད་དོན་དེ་ང་ཚོའི་འབྲེལ་མོལ་ཀྱི་གྲོས་གཞི་ཚང་མའི་ཁོངས་སུ་བོད་ཀྱི་གནད་དོན་ཡོད་རེད་ཅེས་གསུངས་འདུག
  • ཐེ་ལྦན་ནང་དུ་བོད་རྒྱ་གཉིས་བར་གྱི་འབྲེལ་ལམ་བཟང་དུ་བཏོང་ཆེད་བོད་དོན་བགྲོ་གླེང་གནང་འདུག
  • ཨ་རིའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་JohnKerryམཆོག་ནས་རྒྱ་ནག་གི་གཞུང་ལ་༸གོང་ས་མཆོག་ཏ་ལའི་བླ་མ་མཆོག་གིས་དབུས་པས་བོད་མིའི་སྐུ་ཚབ་དང་ལྷན་དུ་ཞི་མོལ་གནང་དགོས་པའི་རེ་སྐུལ་གནོན་ཤུགས་སྤྲོད་དགོས་སྐོར་གསུངས་འདུག
  • Jalendanནང་དུ་རིག་གཞུང་འགྲན་བསྡུར་ཞིག་གི་གནང་བོད་ཀྱི་རིག་གཞུང་འཁྲབ་སྟོན་བྱ་དགའ་ཨང་དང་པོ་ཐོབ་འདུག
  • རྒྱ་གར་གྱི་འཁྲབ་སྟོན་མི་སྣ་ཁག་ཅིག་ནང་རྐང་ཤུབ་མང་པོ་ཞེས་པའི་བོད་དོན་གྱི་གཏམ་བརྗོད་ཅིག་་གཟིགས་འབུལ་ཞུས་གནང་སོང།
  • རྒྱལ་གཅེས་ཚེ་གཟུངས་དུང་སྐྱབས་ལགས་ནས་རང་ལུས་མེར་བསྲེགས་བཏང་བའི་རྗེས་རྒྱ་གཞུང་གིས་ཤིང་ཚང་གི་འགོ་གཙོ་གཉིས་ལས་གནས་ནས་གནས་དབྱུང་བཏང་འདུག
  • དམིགས་བསལ་ལས་རིམ། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་གནས་ཕྱོགས་ལྦ་ར་ནི་སིར་འཁོར་ཡུག་སྲུང་སྐྱོབ་ཐད་ལ་སྩལ་བའི་བཀའ་སློབ་བདུན་ཕྲག་སྔོན་མའི་ཁྲོས་ནས་མུ་མཐུད་གསན་རོགས་གནང།

Contributor

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག,སྐུ་ཞབས་BobCarrམཆོག,སྐུ་ཞབས་JohnKerryམཆོག,ཆོས་སྐྱབས་ཚེ་བརྟན་བསམ་གྲུབ།,སྲིད་བློན་Haperམཆོག,ཟླ་བ་ཚེ་རིང་།,བསྟན་འཛིན་བརྩོན་འགྲུས།,རྒྱལ་གཅེས་ཚེ་གཟུངས་དུང་སྐྱབས།,

Date

10-04-13