༢༠༡༢།༠༦།༡༤ རེས་གཟའ་ཕུར་བུ།

Title

༢༠༡༢།༠༦།༡༤ རེས་གཟའ་ཕུར་བུ།

Description

  •  ༸གོང་ས་མཆོག་དབྱིན་ཡུལ་ནང་གི་ཆིབས་བསྒྱུར་ལ་ངོ་རྒོལ་མཚོན་ཆེད་Leeds ནང་རྒྱལ་སྤྱིའི་རྩེད་འགྲན་གྱི་གྲ་བསྒྲིགས་ཆེད་རྒྱ་ནག་གི་འགྲན་བསྡུར་བས་ཕྱིར་འཐེན་བྱ་རྒྱུའི་ཉེན་བརྡ་བཏང་འདུག 
  • བཀའ་བློན་ཁྲི་པ་མཆོག་གིས་བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་གསར་པ་སུ་བཀོད་ཀྱང་གཙོ་བོ་ནང་གི་དོན་སྙིང་དེ་གལ་ཆེ་བ་ཆགས་ཀྱི་ཡོད་སྐོར་གསུངས་སོང་།
  • བཀའ་བློན་ཁྲི་པ་མཆོག་རིང་མིན་ཨོ་ས་ཊོར་ལི་ཡའི་ནང་དུ་ཕེབས་སྐབས་ཁུལ་དེའི་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་ཁོང་དང་མཇལ་འཕྲད་གནང་དགོས་པའི་འབོད་སྐུལ་གྱི་ལས་འགུལ་འགོ་བཙུགས་གནང་འདུག 
  • ཨ་རིའི་ནང་ལྷ་དཀར་གྱི་ལས་འགུལ་དར་ཤུགས་ཆེ་རུ་འགྲོ་བཞིན་འདུག 
  • རྒྱ་གཞུང་གིས་བོད་མིར་དྲག་གནོན་བྱེད་བཞིན་པར་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་རྣམས་ནས་ངོ་རྒོལ་གྱི་ཁྲོམ་སྐོར་གནང་རྒྱུ་རེད་འདུག 
  • བཞུགས་སྒར་དུ་བོད་མི་ཁྲག་སྦྱིན་མཁན་བརྒྱ་ལྷག་ལ་འཛམ་གླིང་གི་དཔའ་བོ་ཡིན་པའི་ཆེ་བསྟོད་གནང་སྟེ་འཛམ་གླིང་ཁྲག་སྦྱིན་ཉིན་མོ་སྲུང་བརྩི་ཞུས་གནང་སོང་།
  • ཁ་སྔོན་རྒྱ་ནག་གི་གསང་ཉུལ་དོགས་གཞིའི་འོག་འཇུ་བཟུང་བྱས་པའི་རྒྱ་རིགས་བརྒྱད་རྣམས་གསང་ཉུལ་མིན་པ་ར་སྤྲོད་བྱུང་འདུག

Contributor

༸གོང་ས་ཆེན་པོ་མཆོག,བཀའ་ཁྲི་ཟུར་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག,བཀའ་ཁྲི་བློ་བཟང་སེང་གེ་མཆོག,འབྲེལ་མཐུད་པ་སྐྱིད་འཛོམས་ལགས།,ཆབ་སྲོད་བཙོན་ཟུར་སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས།,འཇིགས་མེད་ལགས།,བཀའ་ཁྲི་བསོད་ནམས་སྟོབས་རྒྱལ་མཆོག,

Date

14-06-12