༢༠༡༢།༠༦།༢༡ རེས་གཟའ་ཕུར་བུ།

Title

༢༠༡༢།༠༦།༢༡ རེས་གཟའ་ཕུར་བུ།

Description

  •  ༸གོང་ས་མཆོག་ནས་རྒྱ་གཞུང་གི་བོད་ཀྱི་གནད་དོན་ཐད་དོན་དམ་གྱི་ལངས་ཕྱོགས་ཞིག་མ་འཛིན་བར་བོད་རྒྱ་འབྲེལ་མོལ་སླར་གསོ་གནང་ཡང་གྲུབ་འབྲས་གང་ཡང་སོན་གྱི་མ་རེད་ཅེས་བཀའ་གནང་འདུག 
  • ༸གོང་ས་མཆོག་ནས་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་བརྒྱ་དང་དགུ་བཅུ་ལྷག་དང་མཇལ་འཕྲད་གནང་བ་མ་ཟད་ཁུལ་དེར་ཡོད་པའི་རྒྱལ་ཁབ་བརྒྱ་ལྷག་གི་གནས་ཡོད་གཞུང་ཚབ་དང་མཇལ་འཕྲད་གནང་འདུག 
  • རྒྱ་གཞུང་ནས་གྲེན་མཱག་གི་སྐུ་ཚབ་རྣམས་ལ་བོད་མིའི་བདེ་སྡུག་ཐོག་རང་དབང་གི་འདྲི་རྩད་བྱ་རྒྱུའི་ཐོབ་ཐང་སྤྲོད་དགོས་པའི་འབོད་སྐུལ་ཞུས་གནང་འདུག 
  • ཧོང་ཀོང་ཁུལ་དུ་ཁ་ས་བོད་དོན་སྐོར་གྱི་ཉིན་མོར་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་གནང་འདུག
  • རྒྱ་གཞུང་གིས་གཞོན་ནུ་དཔལ་ལྡན་ལགས་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག 
  • རྒྱ་གར་གྱི་གཞོན་སྐྱེས་ཁག་ཅིག་ལ་བོད་ཀྱི་ཆོས་དང་རིག་གཞུང་ངོ་སྤྲོད་ཀྱི་ལས་འགུལ་སྤེལ་མུས་རེད་འདུག
  • བོད་དོན་སྐོར་བསྐྱོད་པ་ཤེས་རབ་ཚེ་རྡོར་དང་ཕྱག་རོགས་ལས་འགུལ་བ་རྣམས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་གྲོང་ཁུལ་དུ་འབྱོད་འདུག

Contributor

༸གོང་ས་ཆེན་པོ་མཆོག,དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཐུབ་བསྟན་བསམ་འཕེལ་ལགས།,བོད་དོན་སྐོར་བསྐྱོད་པ་ཤེས་རབ་ཚེ་རྡོར་ལགས།,ཕྱི་དྲིལ་དྲུང་ཆེ་བཀྲིས་ལགས།,གཞོན་ནུ་དཔལ་ལྡན་ལགས་,བོད་དོན་སྐོར་བསྐྱོད་པ་ཤེས་རབ་ཚེ་རྡོར་ལགས།,

Date

21-06-12