༢༠༡༣།༠༤།༡༨ རེས་གཟའ་ཕུར་བུ།

Title

༢༠༡༣།༠༤།༡༨ རེས་གཟའ་ཕུར་བུ།

Description

  • སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་འཛའ་གྲོགས་RichardMooreལགས་ནས་བརྩེ་སེམས་འཁོར་བའི་ཐོག་གང་ཉིད་བྱང་Irlandནང་ཕེབས་བསུ་བཞུས་གནང་འདུག
  • Franceགྲོས་ཚོགས་གོང་མས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ཆེ་བསྟོད་ཀྱི་ཕེབས་བསུ་ཟབ་རྒྱས་ཞུས་པ་དང་སྦྲགས་སྲིད་སྐྱོང་མཆོག་ནས་གྲོས་ཚོགས་ནང་བོད་དོན་གཏམ་བཤད་གནང་འདུག
  • རྒྱ་ནག་གི་གནོན་ཤུགས་འོག་༸གོང་ས་མཆོག་གི་བཀའ་སློབ་ལས་རིམ་ཕྱིར་ཐེན་བྱེད་པར་Sydneyགཙུག་ལགས་སློབ་གཉེར་ཁང་ལ་རྐྱོན་བརྗོད་ནན་པོ་བྱེད་བཞིན་འདུག
  • རྒྱལ་གཅེས་པ་ཕྱུག་མཚོ་ལགས་ཀྱི་རང་བསྲེགས་དང་འབྲེལ་སྤྱི་འཐུས་ལྷན་ཚོགས་ངོས་ནས་རྒྱ་གཞུང་གནོན་ཤུགས་སྤྲོད་མེད་བར་རྒྱལ་སྤྱིའི་ངོས་ནས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་གནང་འདུག
  • བོད་རྒྱལ་ཚོགས་ཀྱི་ཆེ་མཐོའི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཀྱི་གཙོ་འཛིན་ནས་རྒྱ་ནག་ནང་ཙམ་མ་ཟད་བོད་ནང་དུའང་ལྟ་སྐོར་དུ་ཕེབས་འཆར་ཡོད་སྐོར་གསུང་འདུག
  • རྒྱ་གར་ལྷོ་ཕྱོགས་ཁུལ་དུ་༸གོང་ས་མཆོག་གི་སྩལ་བའི་བོད་མི་རང་དབང་འཐབ་རྩོད་ཀྱི་བཀའ་སློབ་དང་གཞོན་ནུའི་རང་བཙན་ཚོགས་ཆེན་སྐོར་ལ་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་གནང་འདུག
  • པེ་ཅིང་དུ་གློག་བརྙན་དུས་སྟོན་སྐབས་རྒྱལ་སྤྱིའི་གློག་བརྙན་ཁག་ཅིག་ལ་རྒྱ་གཞུང་གིས་དམ་གནོན་ཚོད་འཛིན་བྱས་སྟེ་མི་མང་ལ་གཟིགས་འབུལ་གནང་བཅུག་མེད་པ་རེད།

Contributor

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག,སྲིད་སྐྱོང་བློ་བཟང་སེང་གེ་མཆོག,འཛའ་གྲོགས་RichardMoore,རྒྱལ་གཅེས་པ་ཕྱུག་མཚོ།,ཐུབ་བསྟན་རྒྱ་མཚོ།,མི་འགྱུར་རྡོ་རྗེ།,ཚེ་རིང་ལྷ་སྐྱབས།,རྟ་མགྲིན་ཚེ་དབང་།,དྲུང་ཆེ་ལམ་བཟང་།,མིག་དམར་ཆུང་ལགས།,

Date

18-04-13